ཀྲུང་གོ་བོད་ཀྱི་དྲ་བ།

ཨེ་ཅིབ་ནས་འགྲིམ་འགྲུལ་དོན་རྐྱེན་ཚབས་ཆེན་ཞིག་བྱུང་སྟེ་ཉུང་མཐར་ཡང་མི་བཅུ་བདུན་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-10-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨེ་ཅིབ་ཀྱི་རྒྱལ་ས་ཁེ་རོའི་ཉེ་འདབས་སུ་ཚེས་ཉི་ཤུ་ཉིན་འགྲིམ་འགྲུལ་དོན་རྐྱེན་ཚབས་ཆེན་ཞིག་བྱུང་སྟེ། ཉུང་མཐར་ཡང་མི་བཅུ་བདུན་རྐྱེན་ལམ་དུ་ཤོར།

བསྒྲགས་པ་ལྟར་ན། དངོས་སྐྱེལ་རླངས་འཁོར་ཞིག་དང་འགྲུལ་སྐྱེལ་རླངས་འཁོར་ཆུང་བ་ཞིག་ཉིན་དེར་ཁེ་རོའི་ཉེ་འདབས་ཀྱི་སྒོར་ལམ་ཞིག་གི་སྟེང་ཐོ་བརྒྱབ་སྟེ། འགྲུལ་སྐྱེལ་རླངས་འཁོར་གྱི་ཁ་ལོ་བ་དང་འགྲུལ་བ་འདུས་པའི་མི་བཅུ་བདུན་རྐྱེན་ལམ་དུ་ཤོར། བདེ་འཇགས་དང་རྒུད་སྐྱོབ་མི་སྣ་ཡུལ་དངོས་སུ་སོང་ནས་རྒུད་སྐྱོབ་བྱ་བ་སྤེལ་བཞིན་ཡོད་ཟེར། 

ལམ་མི་བདེ་བ་དང་ཁ་ལོ་བའི་འགྲིམ་འགྲུལ་སྒྲིག་སྲུང་གི་འདུ་ཤེས་ཞན་པ་སོགས་ཀྱི་དབང་གིས་ཨེ་ཅིབ་ཏུ་འགྲིམ་འགྲུལ་དོན་རྐྱེན་རྒྱུན་དུ་འབྱུང་བཞིན་ཡོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།