ཀྲུང་གོ་བོད་ཀྱི་དྲ་བ།

ཧིན་རྡུའི་བྱང་ཕྱོགས་སུ་བསྟུད་མར་དྲག་ཆར་བབས་པས་མི46ལྷག་རྐྱེན་ལམ་དུ་ཤོར་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-10-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ10བའི་ཚེས20ཉིན། ཧིན་རྡུའི་ཨ་ཁུན་ཏི་པང་བྱང་མ་སྲིད་གཞུང་གིས་བཤད་རྒྱུར། བསྟུད་མར་དྲག་ཆར་བབས་པའི་རྐྱེན་གྱིས་ཚེས20ཉིན་བར་རྐྱེན་ལམ་དུ་ཤོར་བའི་མི་གྲངས46ལ་སླེབས་ཤིང་གཞན་མི11གར་སོང་ཆ་མེད་དུ་གྱུར།

ཨ་ཁུན་ཏི་པང་བྱང་མའི་དབུ་བཞུགས་པུའུ་ཀྲང་ཏཱ་མུས་ཉིན་དེར་གསར་འགྱུར་སྨྱན་བྱད་ལ་བཤད་རྒྱུར། བསྟུད་མར་དྲག་ཆར་བབས་པའི་རྐྱེན་གྱིས་མི46རྐྱེན་ལམ་དུ་ཤོར་བ་དང་མི11གར་སོང་ཆ་མེད་དུ་གྱུར་ཡོད།

དྲག་ཆར་བབས་པ་ལས་ཆུ་ལོག་བྱུང་སྟེ་མང་ཚོགས་རྣམས་ཉེན་ཁའི་གནས་སུ་གྱུར་བ་དང་། བགྲོད་ལམ་དང་ཟམ་པ་སོགས་ལ་གཏོར་སྐྱོན་བྱུང་བ། བཟོ་ལས་ཁུལ་ལ་ཆུས་ནུབ་པ་སོགས་ཀྱི་གནོད་འཚེ་ཐེབས་ཡོད་པ་རེད། ཧིན་རྡུ་སྨྱན་བྱད་ཀྱིས་བསྒྲགས་པའི་གསར་འགྱུར་ལྟར་ན། ཚེས20ཉིན་བར་མི300ལྷག་ཉེན་ཁ་ལས་བསྐྱབས་ཟིན།                                              

མིག་སྔར་ཧིན་རྡུ་དམག་ཕྱོགས་དང་འཕྲལ་བསྟུན་སྡེ་ཁག་གིས་རོགས་སྐྱོབ་བྱེད་བཞིན་ཡོད་ལ། གནོད་ཐེབས་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་བྱ་བའང་སྒྲུབ་བཞིན་པའི་སྒང་ཡིན་ཟེར། 

དེ་སྔོན་ཧིན་རྡུ་ལྷོ་ཕྱོགས་ཁཱ་ལ་ལ་པང་དུ་དྲག་ཆར་བབས་པ་ལས་ཆུ་ལོག་དང་རི་ཉིལ་བ་སོགས་ཀྱི་དོན་རྐྱེན་བྱུང་སྟེ་ཉུང་མཐར་ཡང་མི27རྐྱེན་ལམ་དུ་ཤོར་ལ། ཧིན་རྡུའི་ས་ཆ་མང་པོ་རུ་དྲག་ཆར་གྱིས་མི80ལྷག་རྐྱེན་ལམ་དུ་ཤོར་ཡོད་པ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།