ཀྲུང་གོ་བོད་ཀྱི་དྲ་བ།

ཐུན་མོང་བདེ་འཇགས་ཆིངས་ཡིག་རྩ་འཛུགས་ཀྱི་འཇིགས་སྐུལ་ངོ་རྒོལ་གྱི་དམག་དོན་སྦྱོང་བརྡར་ཐཱ་ཅི་ཁི་སི་ཐན་ནས་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-10-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཐུན་མོང་བདེ་འཇགས་ཆིངས་ཡིག་རྩ་འཛུགས་ཀྱི་འཇིགས་སྐུལ་ངོ་རྒོལ་གྱི་དམག་དོན་སྦྱོང་བརྡར་ཚེས་བཅོ་བརྒྱད་ཉིན་ཐཱ་ཅི་ཁི་སི་ཐན་ནས་སྤེལ་མགོ་བརྩམས་པ་དང་། དམག་དོན་སྦྱོང་བརྡར་དེའི་ཟླ་འདིའི་ཚེས་ཉེར་གསུམ་ཉིན་བར་སྤེལ་རྒྱུ་རེད། 

ཐུན་མོང་བདེ་འཇགས་ཆིངས་ཡིག་རྩ་འཛུགས་ཀྱི་དམག་དོན་སྦྱོང་བརྡར་མཉམ་འབྲེལ་གསར་འགྱུར་ལྟེ་གནས་ཀྱིས་བསྒྲགས་པ་ལྟར་ན། ཚབ་མིང་ལ་རོགས་ལས་དང་འཚོལ་ཞིབ། སྐས་འབབ་དམག་དཔུང་བཅས་ཀྱི་དམག་དོན་སྦྱོང་བརྡར་བྱ་འགུལ་གསུམ་དུས་མཉམ་དུ་ཐཱ་ཅི་ཁི་སི་ཐན་དང་ཨ་ཧྥུའུ་ཧན་མཐའ་མཚམས་ས་ཁུལ་ནས་སྤེལ་བ་དང་། བསྡོམས་པས་རྩ་འཛུགས་དེའི་ཁོངས་གཏོགས་རྒྱལ་ཁབ་ཀྱི་དམག་མི་སྟོང་བཞི་དང་དམག་དོན་སྒྲིག་ཆས་ལྔ་བརྒྱ་ལྷག་དམག་དོན་སྦྱོང་བརྡར་ལ་ཞུགས་ཡོད། དམག་དོན་སྦྱོང་བརྡར་གྱི་རྣམ་གྲངས་ལ་འཇིགས་སྐུལ་ཉེས་ཅན་གྱིས་བཙན་འཛུལ་བྱེད་པར་བཀག་འགོག་དང་གཞི་རྒྱ་ཆེ་བའི་འཐབ་འཁྲུག་འབྱུང་བར་དོགས་ཟོན་བྱེད་པ་འདུས་ཡོད། 

ཐུན་མོང་བདེ་འཇགས་ཆིངས་ཡིག་རྩ་འཛུགས་དེ་ཉིས་སྟོང་གཉིས་ལོའི་ཟླ་ལྔ་བར་བཙུགས་པ་དང་། གཅིག་སྟོང་དགུ་བརྒྱ་གོ་གཉིས་ལོར་བཀོད་པའི་རང་བཙན་མཉམ་འབྲེལ་ཚོགས་པའི་ཐུན་མོང་བདེ་འཇགས་ཆིངས་ཡིག་ལས་འཕེལ་འགྱུར་བྱུང་བ་ཡིན་ལ། མིག་སྔར་ཨུ་རུ་སི་དང་ཨུ་རུ་སི་དཀར་པོ། ཧཱ་སག་སི་ཐན། ཐཱ་ཅི་ཁི་སི་ཐན། ཨེ་མེ་ནི་ཡཱ། ཅིར་ཅི་སི་སི་ཐན་བཅས་ཁོངས་གཏོགས་རྒྱལ་ཁབ་དྲུག་ཡོད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།