ཀྲུང་གོ་བོད་ཀྱི་དྲ་བ།

ཧིན་རྡུ་ཉི་ཞི་ཡཱའི་པཱ་ལི་གླིང་ཕྲན་དུ་ཚད་རིམ་བཞི་དང་གྲངས་ཆུང་བརྒྱད་ཀྱི་ས་འགུལ་བྱུང་སྟེ་མི་གསུམ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན།     སྤེལ་དུས། : 2021-10-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧིན་རྡུ་ཉི་ཞི་ཡཱའི་རྒྱལ་ཁབ་གནོད་འགོག་ལས་དོན་ཁང་གིས་ཚེས་བཅུ་དྲུག་ཉིན་བསྒྲགས་པ་ལྟར་ན། ཧིན་རྡུ་ཉི་ཞི་ཡཱའི་པཱ་ལི་གླིང་ཕྲན་དུ་ཉིན་དེའི་ཞོགས་པར་ཚད་རིམ་བཞི་དང་གྲངས་ཆུང་བརྒྱད་ཀྱི་ས་འགུལ་བྱུང་སྟེ། མིག་སྔར་མི་གསུམ་རྐྱེན་ལམ་དུ་ཤོར་ཡོད་ཟེར། 

ཧིན་རྡུ་ཉི་ཞི་ཡཱའི་གནམ་གཤིས་བརྟག་དཔྱད་དང་ས་ཁམས་དངོས་ལུགས་ཅུའུ་ཡིས་བསྒྲགས་པ་ལྟར་ན། ས་འགུལ་དེ་ཚེས་བཅུ་དྲུག་ཉིན་གྱི་ཞོགས་པའི་དུས་ཚོད་བཞི་དང་སྐར་མ་བཅོ་བརྒྱད་སྟེང་བྱུང་བ་དང་། ས་འགུལ་བྱུང་ས་གཙོ་བོ་ནི་པཱ་ལི་གླིང་ཕྲན་གྱི་བྱང་ཤར་ཕྱོགས་ཀྱི་ཁཱ་ལིང་ཨ་སིན་རྫོང་གི་མངའ་ཁོངས་ཡིན་ལ། ས་འགུལ་གྱི་གཏིང་ཚད་ལ་སྤྱི་ལེ་བཅུ་ཡོད་ཟེར། 

ཧིན་རྡུ་ཉི་ཞི་ཡཱའི་རྒྱལ་ཁབ་གནོད་འགོག་ལས་དོན་ཁང་གིས་བསྒྲགས་པ་ལྟར་ན། མིག་སྔར་ས་འགུལ་དེ་ལས་མི་གསུམ་རྐྱེན་ལམ་དུ་ཤོར། དེ་ལས་གཞན་མི་མང་བོ་ཁང་བའི་ཞིག་རོའི་འོག་ཏུ་མནན་ཡོད་པ་དང་། ཉེན་ཁ་ལས་བསྐྱབས་པའི་རྨས་མའི་ཁྲོད་མི་བདུན་གྱི་རྨས་སྐྱོན་ཚབས་ཆེན་རེད། རྨས་མ་དག་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད་ལ། ས་འགུལ་དེ་ལས་རི་ཉིལ་བའི་དོན་རྐྱེན་བྱུང་དུ་བྱུང་སྟེ། གནོད་སྐྱོབ་དང་ཕྱིར་འཐེན་བྱ་བར་དཀའ་ཁག་ཆེན་པོ་བཟོས་ཡོད་ཟེར། 

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།