ཀྲུང་གོ་བོད་ཀྱི་དྲ་བ།

པ་ཞིའི་ཙུང་ཐུང་གཞོན་པ་མའོ་ལང་གིས་ཀྲུང་གོ་དང་མཉམ་ལས་བྱས་ན་པ་ཞི་ཡིས་རྒྱུན་མཐུད་འཕེལ་རྒྱས་མངོན་འགྱུར་བྱེད་པར་རོགས་འདེགས་བྱེད་པ་ཡིན་ཞེས་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན།     སྤེལ་དུས། : 2021-10-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཅུ་བའི་ཚེས་བཅུ་བཞི་ཉིན། པ་ཞིའི་ཙུང་ཐུང་གཞོན་པ་མའོ་ལང་བགྲོ་གླེང་ཚོགས་འདུ་ཞིག་ལ་ཞུགས་སྐབས་བཤད་དོན། སྔར་ལས་མང་བའི་མ་རྩ་དང་ལག་རྩལ། ཚོང་རའི་གོ་སྐབས་འཚོལ་བཞིན་པའི་པ་ཞི་ལ་མཚོན་ན། ཀྲུང་གོ་དང་མཉམ་ལས་བྱས་ན་རྒྱུན་མཐུད་འཕེལ་རྒྱས་ཀྱི་རྒྱལ་ཁབ་དམིགས་འབེན་མངོན་འགྱུར་བྱེད་པར་རོགས་འདེགས་བྱེད་པ་ཡིན་ཟེར།

ཐེངས་འདིའི་དྲ་ངོས་ཀྱི་བགྲོ་གླེང་ཚོགས་འདུས་རྒྱུན་མཐུད་འཕེལ་རྒྱས་དང་ལག་རྩལ་གྱི་པ་ཞི་དང་ཀྲུང་གོའི་མཉམ་ལས་རྨང་གཞི་ཞེས་པ་བརྗོད་དོན་གཙོ་བོ་བྱས་ཤིང་། པ་ཞི་དང་ཀྲུང་གོའི་ཁེ་ལས་པའི་ཨུ་ཡོན་ལྷན་ཁང་གིས་རྩ་འཛུགས་བྱས་པ་རེད། མའོ་ལང་གིས་ཚོགས་ཐོག་ཏུ་བཤད་དོན། ཀྲུང་གོའི་དཔལ་འབྱོར་འཕར་སྣོན་བྱུང་བ་དང་བསྟུན་ནས། པ་ཞི་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཁ་གསབ་རང་བཞིན་སྔར་ལས་ཇེ་དྲག་ཏུ་སོང་བ་དང་རྒྱལ་ཁབ་གཉིས་ཀྱི་ཉོ་ཚོང་ཐད་ནས་གྲུབ་འབྲས་ཆེན་པོ་ཐོབ་ཟེར།

མའོ་ལང་གིས་བཤད་དོན། པ་ཞི་ཡིས་ཐོག་མར་ཀྲུང་གོར་ཕྱིར་གཏོང་བྱེད་ཚད་སྣ་མང་ཅན་དང་འཐབ་ཇུས་ཁྱབ་ཁོངས་སུ་དངུལ་གཏོང་ནང་འདྲེན་བྱེད་པ། ཚན་རྩལ་གསར་སྐྲུན་མཉམ་ལས་རྒྱ་བསྐྱེད་པ་སོགས་ཀྱི་དོན་དག་ལ་བསམ་གཞིགས་གཏོང་དགོས་ཟེར།

པ་ཞིའི་ཞིང་ལས་པུའུ་ཀྲང་ཐི་ལོས་ཧྲ་ཁི་ལིས་སི་ཏེ་ན་ཡིས་ཚོགས་ཐོག་ཏུ་བཤད་དོན། རྒྱུན་མཐུད་འཕེལ་རྒྱས་དང་ལག་རྩལ་མཉམ་ལས་ཀྱིས་པ་ཞི་དང་ཀྲུང་གོའི་མཉམ་ལས་ཁྲོད་དུ་གོ་གནས་འབུར་ཐོན་ཟིན་ཡོད། ཀྲུང་གོ་ནི་པ་ཞིའི་རྒྱུན་མཐུད་འཕེལ་རྒྱས་དང་ལག་རྩལ་མཉམ་ལས་ཀྱི་འཕེལ་རིམ་ཁྲོད་ཀྱི་མཉམ་ལས་ཀྱི་གྲོགས་པོ་གཙོ་བོ་ཡིན་ཟེར།

བགྲོ་གླེང་ཚོགས་འདུའི་སྐབས་སུ། པ་ཞི་དང་ཀྲུང་གོའི་ཁེ་ལས་པའི་ཨུ་ཡོན་ལྷན་ཁང་གིས་ཁ་ཡིག་ལ་རྒྱུན་མཐུད་འཕེལ་རྒྱས་དང་ལག་རྩལ་གྱི་པ་ཞི་དང་ཀྲུང་གོའི་མཉམ་ལས་རྨང་གཞི་ཞེས་པའི་སྙན་ཞུ་སྤྲད་པ་དང་། དེའི་ནང་དུ་པ་ཞི་དང་ཀྲུང་གོ་ཕྱོགས་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ཐད་ལ་གྲོས་གཞི་གང་མང་བཏོན་ཡོད།

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།