ཀྲུང་གོ་བོད་ཀྱི་དྲ་བ།

ཁུན་ནེ་ཡཱ་ཡིས་རྒྱལ་སྤྱིའི་ཁྲིམས་ཁང་གིས་རྩོད་གཞིར་གྱུར་བའི་མཚོ་ཁོངས་སོ་མཱ་ལི་ལ་བགོས་པའི་ཆོད་དོན་དེ་ཁས་ལེན་མི་བྱེད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-10-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁུན་ནེ་ཡཱའི་ཙུང་ཐུང་ཁུན་ཡཱ་ཐཱ་ཡིས་ཚེས་བཅུ་གཉིས་ཉིན་གྱི་དགོང་མོར་རྒྱལ་སྤྱིའི་ཁྲིམས་ཁང་གིས་ཁུན་ནེ་ཡཱ་དང་སོ་མཱ་ལིའི་མཚོ་ཐོག་གི་རྒྱལ་མཚམས་རྩོད་གླེང་ཐད་ཀྱི་ཆོད་དོན་ཐད་ནས་གསལ་སྒྲོག་སྤེལ་ཏེ། ཁུན་ནེ་ཡཱ་ཡིས་ངོ་རྒོལ་དྲག་པོ་བྱེད་པ་དང་ཆོད་དོན་དེ་ཁས་ལེན་བྱེད་རྒྱུ་མིན་ཟེར། 

རྒྱལ་སྤྱིའི་ཁྲིམས་ཁང་གིས་ཚེས་བཅུ་གཉིས་ཉིན་ཁུན་ནེ་ཡཱ་དང་སོ་མཱ་ལིའི་མཚོ་ཐོག་གི་རྒྱལ་མཚམས་རྩོད་གླེང་ཁྲོད། ཧིན་རྡུ་རྒྱ་མཚོའི་མཚོ་ཁོངས་ཁག་ཅིག་སོ་མཱ་ལིའི་དོ་དམ་ས་ཁོངས་སུ་བགོ་རྒྱུ་ཐག་བཅད། 

ཁུན་ཡཱ་ཐཱ་ཡིས་གསལ་སྒྲོག་ནང་བཤད་རྒྱུར། རྒྱལ་སྤྱིའི་ཁྲིམས་ཁང་གི་ཆོད་དོན་དེར་ཕྱོགས་རིས་ཡོད་པ་དང་། འདྲ་མཉམ་མིན་པས་ཁུན་ནེ་ཡཱའི་བདག་དབང་ལ་གནོད་པ་བཟོས་ཡོད་ཟེར། 

རྒྱུས་ལོན་བྱུང་བ་ལྟར་ན། ཁུན་ནེ་ཡཱ་དང་སོ་མཱ་ལིའི་བར་ལོ་མང་བོའི་རིང་ལ་མཚོ་ཐོག་མཐའ་མཚམས་ཀྱི་རྩོད་གླེང་བྱུང་ཡོད། རྒྱལ་ཁབ་གཉིས་ཀྱི་ཧིན་རྡུ་རྒྱ་མཚོའི་མཚོ་ཁོངས་ཀྱི་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་འབུམ་གཅིག་ལྷག་ཡོད་པའི་ཟུར་གསུམ་གླིང་ཞིག་རྩོད་གཞིར་བྱེད་བཞིན་ཡོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།