ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་གིས་ཡེ་མིན་གྱི་ཧུའུ་སེ་དྲག་ཆས་མི་སྣ་བརྒྱ་དང་བརྒྱད་བསད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-10-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སོ་ཏི་ཨ་རབ་གཙོ་བྱས་པའི་རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་གིས་ཚེས་བཅུ་གསུམ་ཉིན་བཤད་རྒྱུར། རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་གིས་འདས་པའི་དུས་ཚོད་ཉེར་བཞིའི་ནང་ཡེ་མིན་དབུས་ཕྱོགས་ཀྱི་མཱ་ལི་པུའུ་ཞིང་ཆེན་གྱི་དམག་དོན་འགུལ་སྐྱོད་ཁྲོད་ཉུང་མཐར་ཡང་ཡེ་མིན་གྱི་ཧུའུ་སེ་དྲག་ཆས་མི་སྣ་བརྒྱ་དང་བརྒྱད་བསད་ཟེར། 

རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་གིས་བསྒྲགས་པ་ལྟར་ན། རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་གིས་འདས་པའི་དུས་ཚོད་ཉེར་བཞིའི་ནང་མཱ་ལི་པུའུ་ཞིང་ཆེན་གྱི་ཨ་པུའུ་ཏིས་ཡཱ་ས་ཁུལ་གྱི་ཧུའུ་སེ་དྲག་ཆས་པའི་དམིགས་འབེན་ལ་དམག་དོན་འགུལ་སྐྱོད་ཐེངས་བཅུ་དགུ་སྤེལ་ཏེ། ཉུང་མཐར་ཡང་ཧུའུ་སེ་དྲག་ཆས་མི་སྣ་བརྒྱ་དང་བརྒྱད་བསད་པ་དང་། དམག་དོན་རླངས་འཁོར་བཅུ་གཉིས་གཏོར་བཤིག་བཏང་། ཐེངས་འདིའི་དམག་དོན་འགུལ་སྐྱོད་ཀྱི་དམིགས་ཡུལ་ནི་ཧུའུ་སེ་དྲག་ཆས་པ་རང་གིས་མཐའ་བསྐོར་བའི་ཨ་པུའུ་ཏིས་ཡཱ་ས་ཁུལ་དུ་ཡོང་བར་བཀག་འགོག་བྱེད་ཆེད་ཡིན་ཟེར། 

རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་གིས་ཚེས་བཅུ་གཅིག་དང་ཚེས་བཅུ་གཉིས་ཉིན་ཧུའུ་སེ་དྲག་ཆས་པའི་གཡུལ་སར་བར་སྣང་འཇབ་རྒོལ་དང་བཅས་པའི་དམག་དོན་འགུལ་སྐྱོད་ཐེངས་དོན་དྲུག་སྤེལ་ནས། བསྡོམས་པས་ཉུང་མཐར་ཡང་ཧུའུ་སེ་དྲག་ཆས་མི་སྣ་ཉིས་བརྒྱ་དང་དགུ་བཅུ་བསད་ཡོད་པ་ཁྱབ་བསྒྲགས་བྱས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།