འཇར་མན་དང་དབྱི་སི་ལིའི་མགོ་ཁྲིད་ཀྱིས་པ་དབྱི་གནད་དོན་དང་དབྱི་ལང་གི་ཉིང་རྡུལ་གནད་དོན་ཐད་གླེང་མོལ་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས10ཉིན། དངོས་སུ་དབྱི་འི་ལིར་འཚམས་འདྲི་གནང་བཞིན་པའི་འཇར་མན་གྱི་ཙུང་ལི་མོ་ཁུར་གྱིས་ཅེ་རུས་ས་ལེམ་དུ་དབྱི་སི་ལིའི་ཙུང་ལི་པེ་ནེ་ཐི་ལ་ཐུག་འཕྲད་གནང་ནས། འཇར་མན་གྱི་པ་དབྱི་གནད་དོན་དང་དབྱི་ལང་གི་ཉིང་རྡུལ་གནད་དོན་ཐད་ཀྱི་ལངས་ཕྱོགས་ནན་བཤད་གནང་། 

མོ་ཁུར་གྱིས་ཐུག་འཕྲད་རྗེས་ཀྱི་གསར་འགོད་ཚོགས་འདུའི་ཐོག་བསྟན་དོན། པ་དབྱི་གནད་དོན་ཐག་གཅོད་བྱེད་པའི“རྒྱལ་ཁབ་གཉིས་ཀྱི་འཆར་འགོད”གལ་འགངས་ཧ་ཅང་ཆེ། “གྲོས་མོལ་གྱི་ཁྲོད་དུ་གསུབ་མི་ནུས།” དབྱི་སི་ལིའི་ཡེ་ཤེ་ད་པའི་གནས་སྡོད་ཁུལ་གྱི་གནད་དོན་ནིརྒྱལ་ཁབ་གཉིས་ཀྱི་འཆར་འགོད”མངོན་འགྱུར་བྱུང་བའི་བཀག་རྒྱ་ཆེན་པོ་ཞིག་རེད། 

དབྱི་ལང་གི་ཉིང་རྡུལ་གནད་དོན་གླེང་དུས། མོ་ཁུར་གྱིས་དབྱི་ལང་ཡང་བསྐྱར་གྲོས་མོལ་ལ་ཞུགས་ནས། རྒྱལ་ཁབ་སོ་སོ་དང་གྲོས་ཆིངས་གསར་བ་འཇོག་པར་འབོད་སྐུལ་བཏང་། 

མོ་ཁུར་གྱིས་ནན་གྱིས་བསྟན་དོན། དབྱི་སི་ལིའི་བདེ་འཇགས་ཧ་ཅང་གལ་ཆེ་བས། སྐབས་སོ་སོའི་འཇར་མན་སྲིད་གཞུང་གི་དོ་ཁུར་བྱེད་པའི་རྩ་བའི་གནད་དོན་ཡིན། 

པེ་ནེ་ཐི་ཡིས་མོ་ཁུར་གྱིས་འགན་བཞེས་རིང་དབྱི་སི་ལི་དང་མཛའ་བརྩེའི་འབྲེལ་བ་བཙུགས་པར་བཀའ་དྲིན་ཞུས་པ་དང་། ཁོང་གི་བཤད་རྒྱུར། དབྱི་སི་ལི་དང་འཇར་མན་གྱིས་འབྲེལ་བ་དུས་ཡུན་རིང་པོར་སྲ་བརྟན་ཡིན། འོན་ཀྱང་མོ་ཁུར་གྱི་འགན་བཞེས་རིང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་མེད་ཀྱི་ཆུ་ཚད་མཐོན་པོར་སླེབས་ཡོད། 

ཚེས9ཉིན་གྱི་དགོང་མོར། མོ་ཁུར་དབྱི་སི་ལིར་འབྱོར་ནས་ཉིན་གཉིས་རིང་གི་འཚམས་འདྲིའི་མགོ་བརྩམས། ཐེངས་འདི་མོ་ཁུར་གྱི་འགན་མ་ཕབ་སྔོན་གྱི“གྱེས་བྲལ་འཚམས་འདྲི”རེད་འདོད་ཡོད། མོས་མ་གཞི་ད་ལོའི་ཟླ8པར་དབྱི་སི་ལིར་འཚམས་འདྲི་བྱེད་འཆར་བྱས་མོད། ཨ་ཧྥུ་ཧན་གྱི་གནས་བབ་ཐོལ་འགྱུར་གྱིས་ཕྱི་འགྱངས་བྱས་པ་རེད། །

 

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།