ཀྲུང་གོ་བོད་ཀྱི་དྲ་བ།

2021ལོའི་ནོ་པེར་བྱ་དགའ་བསྟུན་མར་ཁྱབ་བསྒྲགས་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2021-10-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་དྲ་བའི་གློག་འཕྲིན་ལྟར་ན། 2021ལོའི་ནོ་པེར་བྱ་དགའ་ཟླ10བའི་ཚེས4ཉིན་ནས་ཚེས11ཉིན་བར་བསྟུད་མར་སྤྲད་ཡོད། 

ནོ་པེར་རྩོམ་རིག་བྱ་དགའ།

ཟླ10པའི་ཚེས7ཉིན་གྱི་དགོང་མོའི་ཆུ་ཚོད7པའི་སྟེང་། 2021ལོའི་ནོ་པེར་རྩོམ་རིག་བྱ་དགའ་སུའེ་ཏེན་ནས་ཁྱབ་བསྒྲགས་བྱས་པ་རེད། ཐན་ཙན་ནི་ཡའི་བརྩམས་སྒྲུང་མཁས་ཅན་ཨ་པུའུ་ཏུའུ་ལེ་ལཱ་ས་ཁཱེ·གྷུར་ནཱར(Abulrazak Gurnah)ལ་བྱ་དགའ་ཐོབ་ཡོད། བྱ་དགའ་སྤྲད་པའི་རྒྱུ་མཚན་ནིཁོང་ལ་མི་སེར་སྤེལ་བའི་རིང་ལུགས་ཀྱི་ཤུགས་རྐྱེན་དང་དེ་བཞིན་རིག་གནས་དང་སྐམ་ས་ཆེ་མོའི་འགལ་རྐྱེན་ཆེན་པོའི་ཁྲོད། ཉམ་ཐག་མི་སེར་རྣམས་ཀྱི་ལས་དབང་ལ་འོས་མེད་འགྲིག་ཐབས་སྤུ་ཙམ་ཡང་མི་བྱེད་པར་གདུང་སེམས་མཉམ་སྐྱེད་བྱེད་པའི་ཚོར་ཤེས་ཟབ་མོ་ཡོད”ཅེས་བཤད།  

1.jpg

ནོ་པེར་སྐྱེ་ལུགས་རིགས་པའམ་གསོ་རིག་བྱ་དགའ།

ཟླ10པའི་ཚེས4ཉིན། 2021ལོའི་ནོ་པེར་བྱ་དགའ་དང་པོ་སྟེ་ནོ་པེར་སྐྱེ་ཁམས་རིག་པའམ་གསོ་རིག་བྱ་དགའ་དངོས་སུ་ཁྱབ་བསྒྲགས་བྱས་པ་དང་། ཨ་རིའི་ཚན་རིག་མཁས་ཅན་གཉིས་ཏེDavid JuliusདངArdem Pataaaaaputannལ་སྤྲད་པ་རེད། ཁོང་གཉིས་ཀྱིས་དྲོད་ཚད་དང་རེག་ཚོར་དབང་པོའི་ཚོར་དབང་་རྙེད་པའི་ཐད་ཀྱི་བྱས་རྗེས་ལ་གཟེངས་བསྟོད་བྱས།

2.jpg

ནོ་པེར་དངོས་ལུགས་རིག་པའི་བྱ་དགའ།

ཟླ10པའི་ཚེས5ཉིན། 2021ལོའི་ནོ་པེར་དངོས་ལུགས་རིག་པའི་བྱ་དགའ་ཁྱབ་བསྒྲགས་བྱས་པ་དང་། Syukuro ManabeདངKlaus HasselmannདངOutreach Giorgio Parisiབཅས་ལ་སྤྲད། “ང་ཚོས་རྙོག་འཛིང་ཆེ་བའི་མ་ལག་ལ་ཤེས་རྟོགས་བྱེད་པར་གསར་གཏོད་རང་བཞིན་གྱི་བྱས་རྗེས་བཞག་པར”གཟེངས་བསྟོད་བྱས།    

3.jpg

ནོ་པེར་རྫས་འགྱུར་རིག་པའི་བྱ་དགའ།

ཟླ10པའི་ཚེས6ཉིན། པུན་ཅེ་མིང·ལི་སི་ཐེ་དང་ཏ་ཝེ·c·མའེ་ཁེ་སྨི་ལུན་གཉིས་ཀྱིས་གནད་ལ་ཁེལ་བའི་ཆ་རྡུལ་གྱིས་ཡོ་བྱད་གསར་པ་བསྐྲུན་པ་སྟེ་སྐྱེ་ལྡན་འགྱུར་སྐུལ་གསར་སྤེལ་བྱས་པས། 2021ལོའི་ནོ་པེར་རྫས་འགྱུར་རིག་པའི་བྱ་དགའ་ཐོབ་པ་དང་དེས་སྨན་རྫས་ཞིབ་འཇུག་ལ་ཤུགས་རྐྱེན་ཆེན་པོ་ཐེབས།

4.jpg

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།