ཨ་མེ་རི་ཁའི་ཏི་ཁི་སཱ་སི་མངའ་སྡེ་ནས་སློབ་གྲྭར་མེ་མདས་བརྒྱབ་པའི་དོན་རྐྱེན་ཞིག་བྱུང་སྟེ་མི་བཞིར་རྨས་ཕོག

ཨ་མེ་རི་ཁའི་ཏི་ཁི་སཱ་སི་མངའ་སྡེའི་ཨ་ལིན་ཏོན་གྲོང་ཁྱེར་ཉེན་རྟོག་ཕྱོགས་ཀྱིས་ཚེས་དྲུག་ཉིན་བཤད་རྒྱུར། གྲོང་ཁྱེར་དེའི་སློབ་འབྲིང་ཞིག་ནས་མེ་མདས་བརྒྱབ་པའི་དོན་རྐྱེན་ཞིག་བྱུང་སྟེ། ཉུང་མཐར་ཡང་མི་བཞི་རྨས་ཕོག་ཡོད་པ་དང་། དེའི་ནང་སློབ་མ་གསུམ་འདུས་ཟེར། 

ཨ་ལིན་ཏོན་གྲོང་ཁྱེར་གྱི་ཉེན་རྟོག་ཅུའུ་ཀྲང་གི་ལས་རོགས་པ་ཁི་ཨར་པུས་ཀྱིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། རྟོག་ཞིབ་རགས་ཙམ་བྱས་པ་ལྟར་ན། ཐིན་པའོ་ཝེ་ཡུག་སློབ་འབྲིང་གི་སློབ་ཁང་ཞིག་ཏུ་ཉིན་དེའི་སྔ་དྲོར་སློབ་མས་འཛིང་རེས་བྱེད་པའི་དོན་རྐྱེན་བྱུང་བ་དང་། སློབ་མ་ཞིག་གིས་མཚོན་ཆ་བཀོལ་བ་རེད། རྨས་ཕོག་པའི་མིའི་གྲས་སུ་མི་གཉིས་ལ་མེ་མདའི་རྨས་ཕོག་པ་དང་། མི་གསུམ་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད་ཟེར། 

ཁི་ཨར་པུས་ཀྱིས་བཤད་རྒྱུར། དོགས་ཡོད་ཉེས་ཅན་ནི་ལོ་བཅོ་བརྒྱད་ཅན་གྱི་ཏིས་མའོ་ཞི་ཆའོ་ཀྲི་ཞིན་ཕུའུ་ཅིན་སི་ཡིན་པ་དང་། ཁོས་མེ་མདས་བརྒྱབ་པའི་དོན་རྐྱེན་བཟོས་རྗེས་རླངས་འཁོར་བསྐོར་ནས་བྲོས་བྱོལ་བྱས་ཀྱང་མིག་སྔར་འཛིན་བཟུང་བྱས་ཡོད་ཟེར། 

ཐིན་པའོ་ཧེ་ཡུག་སློབ་འབྲིང་ཡོད་སའི་སློབ་ཁུལ་གྱིས་གསལ་སྒྲོག་སྤེལ་ཏེ། སློབ་འབྲིང་དེར་མེ་མདས་བརྒྱབ་པའི་དོན་རྐྱེན་བྱུང་རྗེས་སྒོ་བརྒྱབ་ཡོད་པ་དང་། སློབ་མ་རྣམས་དེའི་རྗེས་སུ་འགྲུལ་སྐྱེལ་རླངས་འཁོར་ཆེ་བར་བསྡད་དེ་སློབ་གྲྭར་བྲལ་ནས་ཁྱིམ་མིར་ལྷན་འཛོམས་བྱུང་ཡོད་ཟེར། 

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།