ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་དབུལ་སྐྱོར་ཐེབས་རྩ་ཚོགས་པས་ཨེ་ཙེ་ཨོ་ཕི་ཡའི་དབུལ་ཕོངས་སློབ་མར་དཔེ་ཁུག་དང་འཚོ་བའི་མཁོ་རྫས་སོགས་ཞལ་འདེབས་སུ་ཕུལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-09-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ9བའི་ཚེས29ཉིན། ཀྲུང་གོ་དབུལ་སྐྱོར་ཐེབས་རྩ་ཚོགས་པས་ཨེ་ཙེ་ཨོ་ཕི་ཡའི་དབུལ་ཕོངས་སློབ་མར་དཔེ་ཁུག་དང་འཚོ་བའི་མཁོ་རྫས་སོགས་ཞལ་འདེབས་སུ་འབུལ་བའི་མཛད་སྒོ་རྒྱལ་ཁབ་དེའི་སློབ་གསོ་པུའུ་ནས་བསྡུས།

ཨེ་ཙེ་ཨོ་ཕི་ཡའི་སློབ་གསོ་པུའུ་ཀྲང་ཀི་ཐ་ཧོང་མེ་ཁུའུ་ལིས་ཡས་མཛད་སྒོའི་སྟེང་ཀྲུང་གོ་སྲིད་གཞུང་དང་དགེ་སྒྲུབ་རྩ་འཛུགས་ཀྱིས་ཨེ་ཙེ་ཨོ་ཕི་ཡའི་བྱིས་པར་རོགས་རམ་བྱས་པར་བཀའ་དྲིན་ཆེ་ཞུས། ཁོས་བཤད་དོན། ཀྲུང་གོས་ཨེ་ཙེ་ཨོ་ཕི་ཡར་རྒྱབ་སྐྱོར་བྱས་པ་ནི་ཕྱོགས་ཡོངས་ཡིན་ལ། སློབ་གསོའི་ཁྱབ་ཁོངས་ཡིན་པར་མ་ཟད། སྤྱི་ཚོགས་དཔལ་འབྱོར་དང་དེ་མིན་རིམས་འགོག་མཉམ་ལས་སོགས་ཕྱོགས་སུའང་རྒྱབ་སྐྱོར་བྱས་ཟེར།

ཀྲུང་གོ་དབུལ་སྐྱོར་ཐེབས་རྩ་ཚོགས་པའི་ཨེ་ཙེ་ཨོ་ཕི་ཡའི་གཞུང་སྒྲུབ་ཁང་གི་འཐུས་མི་ཧོང་ཞོ་ཚུན་གྱིས་མཚམས་སྦྱོར་བྱས་པ་ལྟར་ན། ཀྲུང་གོ་དབུལ་སྐྱོར་ཐེབས་རྩ་ཚོགས་པའི་ཞལ་འདེབས་སུ་འབུལ་བའི་ལས་གཞི་དེ་ཉིས་སྟོང་བཅུ་དགུ་ལོར་ཨེ་ཙེ་ཨོ་ཕི་ཡའི་སློབ་གསོ་པུའུ་ཡིས་རྒྱབ་སྐྱོར་བྱས་པ་བརྒྱུད་ནས་ཨེ་ཙེ་ཨོ་ཕི་ཡ་ནས་ལག་བསྟར་བྱས། ཀྲུང་གོ་དབུལ་སྐྱོར་ཐེབས་རྩ་ཚོགས་པས་མ་འོངས་པར་ཨེ་ཙེ་ཨོ་ཕི་ཡའི་སློབ་གསོ་པུའུ་དང་མཉམ་ལས་བྱེད་པར་ཤུགས་སྣོན་པ་དང་། རྒྱུན་མཐུད་སྒོས་རྒྱལ་སྤྱིའི་སློབ་གསོའི་རིགས་ཀྱི་དབུལ་སྐྱོར་ལས་གཞི་ལག་བསྟར་དེ་ས་གནས་ནས་དངོས་སུ་ལག་ལེན་བྱེད་ངེས་ཡིན་ཟེར།

རྒྱུས་ལོན་བྱུང་བ་ལྟར་ན། ཀྲུང་གོ་དབུལ་སྐྱོར་ཐེབས་རྩ་ཚོགས་པས་དཔེ་ཁུག་དང་ཡིག་ཆས། འཚོ་བའི་བཀོལ་ཆས། འཕྲོད་བསྟེན་བཀོལ་ཆས་སོགས་ཞལ་འདེབས་སུ་ཕུལ་ཞིང་རིགས་མང་བ་དང་བཀོལ་སྤྱོད་རང་བཞིན་དྲག་པོ་ལྡན།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།