ཨེ་ཁྭ་ཏོར་བཙོན་ཁང་དུ་ཟིང་འཁྲུག་བསླངས་ནས་བཙོན་མ་ཉེར་བཞི་རྐྱེན་ལམ་དུ་ཤོར།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨེ་ཁྭ་ཏོར་བཙོན་ཁང་དོ་དམ་ཅུས་ཀྱིས་ཟླ་དགུ་བའི་ཚེས་ཉེར་བརྒྱད་ཉིན་བཤད་དོན། ནུབ་རྒྱུད་ཀྱི་བཀའ་ཡ་སི་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་བཀའ་ཡ་ཅི་ཨར་གྱི་བཙོན་ཁང་ཞིག་ཏུ་ཉིན་དེར་ཟིང་འཁྲུག་བསླངས་ནས། ཉུང་མཐར་ཡང་བཙོན་མ་ཉེར་བཞི་རྐྱེན་ལམ་དུ་ཤོར་བ་དང་བཙོན་མ་ཞེ་བརྒྱད་རྨས་ཟེར།

ཨེ་ཁྭ་ཏོར་བཙོན་ཁང་དོ་དམ་ཅུའུ་ཡིས་བཤད་དོན། ཉིན་དེའི་སྔ་དྲོར་བཙོན་ཁང་དེའི་གནས་མང་པོ་རུ་མེ་མདས་བརྒྱག་པ་དང་འགས་གཏོང་དོན་རྐྱེན་བྱུང་ཞིང་ཕྱི་དྲོའི་དུས་ཚོད་གཉིས་ཡས་མས་སུ་ཉེན་རྟོག་ཕྱོགས་ཀྱིས་ཟིང་འཁྲུག་དེ་ཚོད་འཛིན་བྱས།

ཨེ་ཁྭ་ཏོར་ཞིང་ཆེན་གྱི་ཧྲིན་ཀྲང་པ་པོ་ལོ་ཨ་ལོ་སེ་མེ་ན་ཡིས་ས་གནས་སྨྱན་བྱད་ཀྱི་བཅའ་འདྲི་དང་ལེན་བྱེད་སྐབས་བཤད་དོན། ཟིང་འཁྲུག་ནི་བཙོན་མ་ཕྱོགས་ཁག་བར་དུ་བྱུང་བ་རེད།

ཨེ་ཁྭ་ཏོར་བཙོན་ཁང་ཁོངས་གཏོགས་སུ་དུས་ཡུན་རིང་བོར་བཙོན་མ་མང་དྲགས་པ་དང་འགྲོ་གྲོན་ཉུང་བ་སོགས་ཀྱི་གནད་དོན་གནས་ཡོད། ད་ལོའི་ཟླ་བདུན་པའི་ཚེས་ཉེར་གཅིག་ཉིན་གྱི་དགོང་མོར། བཙོན་ཁང་གཉིས་སུ་ཟིང་འཁྲུག་བསླངས་ནས། ཉུང་མཐར་ཡང་བཙོན་མ་ཉེར་གཉིས་རྐྱེན་ལམ་དུ་ཤོར་བ་དང་བཙོན་མ་བཅུ་ཕྲག་འགའ་རྨས།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།