ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་སྲིད་གྲོས་གཞུང་སྒྲུབ་ཐིན་དང་ཀྲུང་གུང་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ། རྒྱལ་སྲིད་སྤྱི་ཁྱབ་ཁང་ཕྱི་སྡོད་རང་མིའི་ལས་དོན་གཞུང་སྒྲུབ་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་ཞང་ཀང་དང་ཨོ་མིན་ལས་དོན་གཞུང་སྒྲུབ་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་ཐེ་ཝན་ལས་དོན་གཞུང་སྒྲུབ་ཁང་

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-09-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཡོངས་སྲིད་གྲོས་གཞུང་སྒྲུབ་ཐིན་དང་ཀྲུང་གུང་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ། རྒྱལ་སྲིད་སྤྱི་ཁྱབ་ཁང་ཕྱི་སྡོད་རང་མིའི་ལས་དོན་གཞུང་སྒྲུབ་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་ཞང་ཀང་དང་ཨོ་མིན་ལས་དོན་གཞུང་སྒྲུབ་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་ཐེ་ཝན་ལས་དོན་གཞུང་སྒྲུབ་ཁང་། ཀྲུང་གོའི་ཕྱི་སྡོད་རང་མིའི་ལས་དོན་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱིས་ཚེས་ཉེར་བརྒྱད་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་མཉམ་དུ་རྒྱལ་སྟོན་གྱི་སྣེ་ལེན་ཚོགས་འདུ་བསྡུས་ཏེ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་དོན་གཉིས་འགོར་བར་དགའ་སྟོན་རྟེན་འབྲེལ་ཞུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་སྣེ་ལེན་ཚོགས་འདུར་ཞུགས་ཏེ་ཞུ་ཚིག་ཕུལ། 

ཝང་དབྱང་གིས་ནན་གྱིས་བསྟན་དོན། ཀྲུང་དབྱང་གིས་ཐོག་མཐའ་བར་གསུམ་དུ་ཞང་ཀང་དང་ཨོ་མིན་གྱི་འཕེལ་རྒྱས་དང་། ཞང་ཀང་དང་ཨོ་མིན་སྤུན་ཟླའི་ཕན་བདེ་ལ་ཐུགས་ཁུར་བྱེད་བཞིན་ཡོད། ང་ཚོས་མུ་མཐུད་དུ་བློ་བརྟན་འགྱུར་མེད་ཀྱིས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་བྱེད་ཐབས་དེ་ཕྱོགས་ཡོངས་དང་ཡང་དག་པའི་སྒོ་ནས་ལག་ལེན་མཐར་ཕྱིན་བྱེད་དགོས་ལ། རྒྱལ་གཅེས་པས་ཞང་ཀང་བཅོས་སྐྱོང་བྱེད་པ་དང་རྒྱལ་གཅེས་པས་ཨོ་མིན་བཅོས་སྐྱོང་བྱེད་པའི་རྩ་དོན་མཐའ་གཅིག་ཏུ་དངོས་འབེབ་བྱས་ཐོག ཤུགས་ཆེན་པོས་དམིགས་བསལ་སྲིད་འཛིན་ས་ཁུལ་སྲིད་གཞུང་གིས་ཁྲིམས་ལྟར་སྲིད་སྐྱོང་དང་དཔལ་འབྱོར་འཕེལ་རྒྱས། དམངས་ཚིས་ལེགས་བཅོས་བཅས་ལ་རྒྱབ་སྐྱོར་གང་ལེགས་བྱེད་དགོས། རླབས་ཆེ་བའི་མེས་རྒྱལ་གྱི་རྒྱབ་བརྟེན་ཡོད་ན་ཞང་ཀང་དང་ཨོ་མིན་གྱི་སང་ཉིན་སྔར་ལས་མཛེས་སྡུག་ལྡན་པ་བསྙོན་མེད་ཡིན། 

ཝང་དབྱང་གིས་ནན་གྱིས་བསྟན་དོན། ཐེ་ཝན་གྱི་གནད་དོན་ཐག་གཅོད་བྱེད་པ་དང་མེས་རྒྱལ་གྱི་གཅིག་གྱུར་མངོན་འགྱུར་བྱེད་པ་ནི་ཀྲུང་ཧྭའི་བུ་དང་བུ་མོའི་ཐུན་མོང་གི་རེ་འདུན་ཡིན། ཀྲུང་གོ་གཅིག་གི་རྩ་དོན་དང་གོ་གཉིས་ལོའི་ཐུན་མོང་ལྟ་ཚུལ་རྒྱུན་འཁྱོངས་བྱས་ཤིང་། མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བའི་ཞི་བའི་འཕེལ་རྒྱས་དང་། འཆམ་མཐུན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཐེ་ཝན་དང་ཐེ་ཝན་མི་དམངས་ལ་ཕན་པའི་སྲིད་ཇུས་དངོས་འབེབས་དང་འཐུས་ཚང་དུ་གཏོང་བ། ཐེ་ཝན་རང་བཙན་ལ་འབྲེལ་བའི་གཡོ་ཇུས་གང་རུང་མཐའ་གཅིག་ཏུ་རྡུལ་དུ་བརླག་ནས་ཕྱི་ཕྱོགས་སྟོབས་ཤུགས་གང་རུང་གིས་ཐེ་གཏོགས་བྱེད་པར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་དགོས། མིག་སྔར་ཐེ་ཝན་མཚོ་འགག་གི་གནས་བབ་སྔར་བཞིན་ཛ་དྲག་ཆེ་ཡང་། ཡུལ་དུས་བཟང་བོ་དེ་ནམ་ཡང་རྒྱལ་ཁབ་གཅིག་གྱུར་གྱི་འདོད་བློ་བཏོན་པའི་སྟོབས་ཤུགས་ཕྱོགས་སུ་གནས་ཡོད་ལ། ཐེ་ཝན་གནད་དོན་ཐག་གཅོད་བྱེད་པའི་གཙོ་ཁྲིད་དབང་ཆ་དང་རང་བདག་དབང་ཆ་དེ་ནམ་ཡང་མེས་རྒྱལ་སྐམ་སའི་ཕྱོགས་ལ་ཡོད། 

ཝང་དབྱང་གིས་ནན་གྱིས་བསྟན་དོན། ཕྱི་སྡོད་རང་མི་དང་ཕྱི་རྒྱལ་ནས་ཕྱིར་ལོག་པའི་མི་སྣ་ནི་མི་རིགས་བསྐྱར་དར་མངོན་འགྱུར་བྱེད་པའི་སྟོབས་ཤུགས་གལ་ཆེན་ཡིན། ཕྱི་སྡོད་རང་མིར་ཞབས་འདེགས་ཞུ་བའི་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབས་པ་དང་། རྒྱ་ཆེའི་ཕྱི་སྡོད་རང་མི་དག་མེས་རྒྱལ་གྱི་དེང་རབས་ཅན་འཕེལ་རིམ་ནང་ཟབ་ཞུགས་བྱས་ཐོག་ཀྲུང་གོའི་གཏམ་རྒྱུད་བརྗོད་དེ། ཀྲུང་གོའི་འབོད་སྒྲ་དྲིལ་སྒྲོག་གང་ལེགས་བྱས་ནས་ཀྲུང་གོའི་ཕུགས་འདུན་མཉམ་དུ་མངོན་འགྱུར་དང་མཉམ་སྤྱོད་བྱེད་པར་རྒྱབ་སྐྱོར་བྱེད་དགོས། 

སྣེ་ལེན་ཚོགས་འདུར་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་ཨུ་ཡོན། ཀྲུང་དབྱང་ཕྱི་དོན་བྱ་བའི་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་དབྱང་ཅེ་ཁྲི་ཡིས་མགོ་འཛིན་བྱས། པེ་ཅིང་དུ་ཡོད་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་ཨུ་ཡོན་དང་། ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས་ཀྱི་མགོ་ཁྲིད་བློ་མཐུན་སྐོར་ཞིག དེ་མིན་ཞང་ཀང་དང་ཨོ་མིན། ཐེ་ཝན། ཕྱི་སྡོད་རང་མི་བཅས་ཀྱི་ལས་རིགས་སོ་སོའི་འཐུས་མི་བརྒྱད་བརྒྱ་ལྷག་སྣེ་ལེན་ཚོགས་འདུར་ཞུགས། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།