ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་འགྲོ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་སྐབས་ཞེ་བརྒྱད་པའི་ཨ་མེ་རི་ཁས་ཨ་ཧྥུའུ་ཧན་གྱི་འགྲོ་མིའི་ཐོབ་ཐང་ལ་གནོད་པ་བཟོས་པའི་གནད་དོན་གྱི་རྒྱལ་སྤྱིའི་དཔྱད་གླེང་ཚོགས་འདུ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-09-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ9བའི་ཚེས25ཉིན། མཉམ་འབྲེལ་རྒྱལ་ཚོགས་འགྲོ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་སྐབས་ཞེ་བརྒྱད་པའི་ཨ་མེ་རི་ཁས་ཨ་ཧྥུའུ་ཧན་གྱི་འགྲོ་མིའི་ཐོབ་ཐང་ལ་གནོད་པ་བཟོས་པའི་གནད་དོན་གྱི་རྒྱལ་སྤྱིའི་དཔྱད་གླེང་ཚོགས་འདུ་ཀྲུང་གོའི་ཁྲོང་ཆིན་ནས་བསྡུས། 

དཔྱད་གླེང་ཚོགས་འདུ་དེར་ཀྲུང་གོའི་འགྲོ་མིའི་ཐོབ་ཐང་ཞིབ་འཇུག་ཚོགས་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རི་ནེ་ཝ་རུ་རྒྱུན་དུ་སྡོད་པའི་ཀྲུང་གོའི་འཐུས་ཚབ་ཚོགས་པས་གཙོ་སྒྲུབ་བྱས་པ་ཡིན་ལ། ལྷོ་ནུབ་སྲིད་ཁྲིམས་སློབ་ཆེན་འགྲོ་མིའི་ཐོབ་ཐང་ཞིབ་འཇུག་གླིང་གིས་སྒྲུབ་འགན་ཁུར་ཡོད། ཀྲུང་གོ་དང་ཧྥ་རན་སི། ནེ་པཱ་ལཱ། ཧི་ལན། འཇར་པན། ཕཱ་ཁི་སི་ཐན་སོགས་རྒྱལ་ཁབ་ནས་ཡོང་བའི་ཆེད་མཁས་པ་དང་སྨྱན་བྱད་འཐུས་མི། ཕྱི་འབྲེལ་དཔོན་པོ་བཅས་མི་བཞི་བཅུ་ལྷག་གིས་སོ་སོར་ཨ་མེ་རི་ཁས་ཨ་ཧྥུའུ་ཧན་ནས་དམག་དོན་ལས་འགན་ལག་བསྟར་བྱེད་སྐབས་འགྲོ་མིའི་ཐོབ་ཐང་དང་འགལ་བའི་བྱ་སྤྱོད་སྤེལ་བ་དང་། ཨ་མེ་རི་ཁས་དམག་དཔུང་ཕྱིར་འཐེན་བྱས་པ་ལས་བྱུང་བའི་མི་ཆོས་རིང་ལུགས་ཀྱི་ཉམས་ཉེན། ཨ་མེ་རི་ཁས་བཟོས་པའི་ཨ་ཧྥུའུ་ཧན་གྱི་ཡུལ་གྱར་བའི་ཉམས་ཉེན་བཅས་གྲོས་གཞི་གསུམ་ལ་དཔྱད་གླེང་བྱས། གྲོས་ཚོགས་ལ་ཞུགས་པའི་ཀྲུང་གོའི་ཆེད་མཁས་པས་བསྟན་དོན། ཨ་མེ་རི་ཁས་ཨ་ཧྥུའུ་ཧན་ནས་འགྲོ་མིའི་ཐོབ་ཐང་ལ་གནོད་པའི་བྱ་སྤྱོད་སྤེལ་བར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒོལ་གཏམ་གཏོང་དགོས་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།