ཀྲུང་གོ་བོད་ཀྱི་དྲ་བ།

རོ་མ་ནི་ཡའི་ཙུང་ལི་ཁི་ཁྲུའུ་སྐབས་གསར་བའི་རྒྱལ་ཁབ་རང་མོས་ཏང་གི་ཀྲུའུ་ཞིར་བདམས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-09-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རོ་མ་ནི་ཡ་རྒྱལ་ཁབ་རང་མོས་ཏང་གིས་ཚེས་ཉེར་ལྔ་ཉིན་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་བསྡུས་ཏེ། ཙུང་ལི་ཁི་ཁྲུའུ་སྐབས་གསར་བའི་རྒྱལ་ཁབ་རང་མོས་ཏང་གི་མགོ་ཁྲིད་པར་བདམས།

རོ་མ་ནི་ཡ་རྒྱལ་ཁབ་རང་མོས་ཏང་གིས་ཚེས་ཉེར་ལྔ་ཉིན་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་བསྡུས་ཏེ། ཙུང་ལི་ཁི་ཁྲུའུ་སྐབས་གསར་བའི་རྒྱལ་ཁབ་རང་མོས་ཏང་གི་མགོ་ཁྲིད་པར་བདམས།

ཉིན་དེར་རོ་མ་ནི་ཡའི་ས་གནས་སོ་སོ་ནས་ཡོང་བའི་རྒྱལ་ཁབ་རང་མོས་ཏང་གི་འཐུས་མི་སྟོང་ལྔ་ལྷག་རྒྱལ་ས་པུའུ་ཅ་ལེ་སི་ཐི་རྒྱལ་སྤྱིའི་འགྲེམ་སྟོན་ལྟེ་གནས་ནས་བསྡུས་པའི་འཐུས་མིའི་ཚོགས་ཆེན་ལ་ཞུགས། ཁི་ཁྲུའུ་ལ་སྤྱིའི་འདེམ་ཤོག་གི་བརྒྱ་ཆའི་དྲུག་ཅུ་དང་གྲངས་ཆུང་གཉིས་ཐོབ་སྟེ་ད་ལྟ་འགན་འཁུར་བའི་ཏང་གི་ཀྲུའུ་ཞི། དམངས་གྲོས་ཁང་གི་གྲོས་དཔོན་ཨོ་ཨར་པན་ལས་རྣམ་པར་རྒྱལ་ནས་སྐབས་གསར་བའི་རྒྱལ་ཁབ་རང་མོས་ཏང་གི་ཀྲུའུ་ཞི་ལ་བདམས།

ཁི་ཁྲུའུ་རང་མོས་ཏང་གི་ཀྲུའུ་ཞི་ལ་བདམས་རྗེས་གསུང་བཤད་གནང་སྟེ་བཤད་དོན། ཁོ་རང་ཏང་ཡོན་ཡོད་ཚད་ཀྱི་ཀྲུའུ་ཞི་རུ་འགྱུར་བར་བྱེད་པ་དང་། རྒྱལ་ཁབ་རང་མོས་ཏང་ནི་ད་ནས་བཟུང་མཐུན་སྒྲིལ་གྱི་ཏང་ཞིག་ཏུ་འགྱུར་ངེས་ཡིན་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།