ཀྲུང་གོ་བོད་ཀྱི་དྲ་བ།

སོ་མ་ལིའི་རྒྱལ་ས་རུ་རང་སྲོག་གཅོད་པའི་རླངས་འཁོར་འབར་མདེལ་གྱི་འཇབ་རྒོལ་དོན་རྐྱེན་ཞིག་བྱུང་སྟེ་མི7རྐྱེན་ལམ་དུ་ཤོར་བ་དང་མི9ལ་རྨས་སྐྱོན་ཕོག་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-09-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མོ་ཀ་ཏི་ཧྲ་ནས་བསྒྲགས་པའི་གསར་འགྱུར་ལྟར་ན། ཚེས25ཉིན་སོ་མ་ལིའི་ཉེན་རྟོག་ཕྱོགས་ཀྱིས་མོ་ཀ་ཏི་ཧྲ་རུ་ཡོད་པའི་ཙུང་ཐུང་ལས་ཤག་གི་ཉེ་འགྲམ་དུ་ཉིན་དེར་རང་སྲོག་གཅོད་པའི་རླངས་འཁོར་འབར་མདེལ་གྱི་འཇབ་རྒོལ་དོན་རྐྱེན་ཞིག་བྱུང་སྟེ་མི7རྐྱེན་ལམ་དུ་ཤོར་བ་དང་མི9ལ་རྨས་སྐྱོན་ཕོག་འདུག

ཉེན་རྟོག་ཕྱོགས་ཀྱི་མགྲིན་ཚབ་པ་ཨ་པུའུ་ཏི-ཧྥ་ཐ་ཧེ·ཡ་ཏིང·ཧ་སང་གིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར། འཇིགས་སྐུལ་པ་ཞིག་གིས་འབར་རྫས་བཅུག་ཡོད་པའི་རླངས་འཁོར་བསྐོར་ནས་ཞིབ་བཤེར་ས་ཚིགས་ཤིག་དང་རྡུང་ཐུག་བྱུང་སྟེ་གས་གཏོར་བྱུང་སྟབས་མི7རྐྱེན་ལམ་དུ་ཤོར་བ་དང་མི9ལ་རྨས་སྐྱོན་ཕོག་ཡོད་ཅེས་བཤད། གས་གཏོར་བྱུང་ས་ནི་ཙུང་ཐུང་ལས་ཤག་གི་ཉེ་འགྲམ་རེད།

དོན་རྐྱེན་དངོས་སུ་མཐོང་མཁན་ཨའེ་ཧ་མའེ་ཏེ·ཨ་ལི་ཡིས་གསར་འགོད་པར་ཡུལ་དངོས་སུ་རླངས་འཁོར་མང་པོ་ཞིག་ལ་གས་གཏོར་བྱུང་འདུག་ཟེར།

“རྟེན་གཞི”རྩ་འཛུགས་དང་འབྲེལ་བ་ཡོད་པའི་ཐལ་དྲགས་རྩ་འཛུགས་ཏེ་སོ་མ་ལིའི“གཞོན་ནུ་ཏང”གིས་ཐེངས་འདིའི་འཇབ་རྒོལ་བཟོས་པ་ཁྱབ་བསྒྲགས་བྱས། རྩ་འཛུགས་དེས་ཉེ་བའི་ལོ་ཤས་རིང་སོ་མ་ལི་དང་དེའི་ཁྱིམ་མཚེས་རྒྱལ་ཁབ་ལ་འཇིགས་སྐུལ་འཇབ་རྒོལ་ཐེངས་མང་བྱས་པ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།