ཀྲུང་གོ་བོད་ཀྱི་དྲ་བ།

ཕཱ་ཁི་སི་ཐན་བདེ་འཇགས་དམག་དཔུང་གིས་འཇིགས་སྐུལ་ཉེས་ཅན་དྲུག་བསད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-09-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕཱ་ཁི་སི་ཐན་དམག་ཕྱོགས་ཀྱིས་ཚེས་ཉེར་བཞི་ཉིན་བཤད་རྒྱུར། ཕཱ་ཁི་སི་ཐན་བདེ་འཇགས་དམག་དཔུང་གིས་རྒྱལ་ཁབ་དེའི་ལྷོ་ནུབ་ཕྱོགས་ཀྱི་པུས་ལུའུ་ཀྲི་ཞིང་ཆེན་ནས་འཇིགས་སྐུལ་ངོ་རྒོལ་འགུལ་སྐྱོད་སྤེལ་ཏེ། འཇིགས་སྐུལ་ཉེས་ཅན་དྲུག་བསད་པ་དང་། དེའི་ནང་བཀོད་འདོམ་དཔོན་པོ་གཉིས་འདུས་ཡོད་ཟེར། 

ཕཱ་ཁི་སི་ཐན་དམག་གསུམ་གསར་འགྱུར་ཅུའུ་ཡིས་གསལ་སྒྲོག་སྤེལ་ཏེ། འཇིགས་སྐུལ་ཉེས་ཅན་གར་ཡོད་ཀྱི་གསང་འཕྲིན་འབྱོར་རྗེས། ཕཱ་ཁི་སི་ཐན་གྱི་བདེ་འཇགས་དམག་དཔུང་གིས་འཇིགས་སྐུལ་ཉེས་ཅན་གྱི་པུས་ལུའུ་ཀྲི་ཞིང་ཆེན་གྱི་ཧཱ་ལན་ས་ཁུལ་དུ་ཡོད་པའི་སྦས་སྐོང་བྱེད་ས་ཞིག་ནས་འགུལ་སྐྱོད་སྤེལ། འཇིགས་སྐུལ་ཉེས་ཅན་གྱིས་བདེ་འཇགས་དམག་དཔུང་ལ་མེ་མདས་བརྒྱབ་སྟེ་བྲོས་བྱོལ་བྱེད་རྩིས་བྱས་པ་དང་། འཁྲུག་རྩོད་དྲག་པོ་བྱེད་སྐབས་འཇིགས་སྐུལ་ཉེས་ཅན་དྲུག་བསད་པ་རེད། བདེ་འཇགས་དམག་དཔུང་གིས་འགུལ་སྐྱོད་སྤེལ་སྐབས་མཚོན་ཆ་མང་བོ་གཞུང་བཞེས་བྱས་ཡོད་ཟེར། 

གསལ་སྒྲོག་ལས་འཇིགས་སྐུལ་ཉེས་ཅན་གར་གཏོགས་ཀྱི་རྩ་འཛུགས་དང་འཇིགས་སྐུལ་ངོ་རྒོལ་གྱི་འགུལ་སྐྱོད་དེ་སྤེལ་བའི་བྱེ་བྲག་གི་དུས་ཚོད་གསལ་བོར་གླེང་མེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།