ཀྲུང་གོ་བོད་ཀྱི་དྲ་བ།

ཨེ་ཅིབ་ཀྱི་ཙུང་ཐུང་སེ་ཞི་ཡིས་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་འདྲ་མཉམ་ངང་བགོ་བཤའ་བྱེད་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-09-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨེ་ཅིབ་ཀྱི་ཙུང་ཐུང་སེ་ཞི་ཚེས་ཉེར་གཅིག་ཉིན་བརྙན་རིས་ཀྱི་རྣམ་པས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་དོན་དྲུག་པའི་སྤྱིར་བཏང་གི་དཔྱད་གླེང་ཚོགས་འདུར་ཞུགས་ཏེ། པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་འདྲ་མཉམ་གྱིས་བགོ་བཤའ་བྱེད་དགོས་པའི་འབོད་སྐུལ་བཏང་། 

སེ་ཞི་ཡིས་བསྟན་དོན། ཨ་ཧྥེ་རི་ཁ་གླིང་མི་དམངས་དག་འགྲན་རྩོད་གལ་ཆེན་ལ་འཕྲད་ཡོད་ཅིང་། ཨ་ཧྥེ་རི་ཁ་གླིང་སྐམ་ས་་ཆེན་མོར་པྲོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་པ་ཧ་ཅང་ཚབས་ཆེན་ཡིན། པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་བགོ་བཤའ་བྱེད་སྐབས་ཀྱི་བཀག་རྒྱ་མེད་པར་བཟོ་ཆེད། འགོག་སྨན་དེ་འདྲ་མཉམ་སྒོས་བགོ་བཤའ་བྱེད་པར་འགན་སྲུང་བྱེད་དགོས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་ཀྱི་འགོག་སྨན་དགོས་མཁོར་དམིགས་ཏེ་མྱུར་མོར་ནུས་ལྡན་བྱེད་ཐབས་སྤྱོད་དགོས་ཟེར། 

ཁོས་བཤད་རྒྱུར། ཨེ་ཅིབ་ཀྱིས་ནམ་རྒྱུན་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་ས་ཁུལ་རང་ནས་ཐོན་སྐྱེད་བྱེད་པར་བརྩོན་ལེན་བྱེད་བཞིན་ཡོད་ཅིང་། དེ་ནི་རྒྱལ་ཁབ་རང་གི་སྤྱི་དམངས་ཀྱི་དགོས་མཁོ་བསྐང་ཐུབ་པའི་ཆེད་ཡིན་པར་མ་ཟད། ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་གཞན་པར་ཕྱིར་གཏོང་བྱེད་པའི་ཆེད་དུའང་ཡིན་ཟེར། 

སེ་ཞི་ཡིས་ད་རུང་བསྟན་དོན། མིག་སྔའི་ཉམས་ཉེན་གནས་བབ་ལོ་མང་བོར་གནས་པའི་དངོས་ཡོད་གནད་དོན་ཏེ་ས་ཁོངས་དང་རྒྱལ་སྤྱིའི་མཉམ་ལས་ཧ་ཅང་མི་འདང་བའི་སྣང་ཚུལ་འབུར་དུ་ཐོན་པར་བྱས་ཡོད་ཟེར། ཁོས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འཕེལ་རྒྱས་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་རྒྱབ་སྐྱོར་ཁྱབ་ཁོངས་རྒྱ་བསྐྱེད་དེ། གཟིགས་སྐྱོང་དངུལ་ལོར་ཡོ་བྱད་འདོན་སྤྲོད་བྱས་ནས་རྒྱལ་སྤྱི་དང་ས་ཁོངས་ལས་ཁུངས་ཀྱི་དངུལ་བསྐྱིས་ཀྱི་ཆ་རྐྱེན་ལེགས་བསྒྱུར་བྱེད་པ་དང་། དངུལ་གཏོང་ལ་སྐུལ་འདེད་བཏང་སྟེ་བཏང་བའི་མ་དངུལ་དག་རྒྱལ་ཁབ་དེ་དག་ལ་སྟེར་བར་འགན་སྲུང་བྱེད་དགོས་པའི་འབོད་སྐུལ་བཏང་། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།