མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡུལ་གྱར་བའི་མཐོ་རིམ་ཆེད་དོན་པས་ཨ་མེ་རི་ཁས་གཞི་རྒྱ་ཆེ་བའི་སྒོ་ནས་ཉེན་གཡོལ་རེ་ཞུ་མཁན་མཐར་སྐྲོད་བཏང་བར་ཧ་ལས་པའི་ཚུལ་བསྟན།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡུལ་གྱར་བའི་མཐོ་རིམ་ཆེད་དོན་པ་ཀི་ལན་ཏིས་ཀྱིས་ཚེས་ཉེར་གཅིག་ཉིན་གསལ་སྒྲོག་སྤེལ་ཏེ། ཨ་མེ་རི་ཁའི་ཏི་ཁི་སཱ་སི་མངའ་སྡེའི་མཐའ་མཚམས་ས་ཁུལ་དུ་བསྡད་ཡོད་པའི་ཡུལ་གྱར་བ་ཁྲི་སྟོང་མང་བོའི་གནས་ཚུལ་དང་ཨ་མེ་རི་ཁས་གཞི་རྒྱ་ཆེ་བའི་སྒོ་ནས་ཡུལ་གྱར་བ་མཐར་སྐྲོད་བཏང་བར་ཧ་ལས་པའི་ཚུལ་བསྟན་པར་མ་ཟད། ཨ་མེ་རི་ཁའི་སྲིད་གཞུང་གིས་རྒྱལ་སྤྱིའི་རྩ་དོན་གཞིར་བཟུང་སྟེ་ཉེན་གཡོལ་རེ་ཞུ་མཁན་གྱི་དགོས་ངེས་ཀྱི་ཁེ་དབང་ལ་སྲུང་སྐྱོབ་བྱེད་དགོས་པའི་འབོད་སྐུལ་བཏང་། 

ཀི་ལན་ཏིས་ཀྱིས་གསལ་སྒྲོག་ལས་བཤད་རྒྱུར། ཧེ་ཐིའི་མི་ཁྲི་གཅིག་དང་སྟོང་བཞི་ལྷག་ཨ་མེ་རི་ཁའི་ཏི་ཁི་སཱ་སི་མངའ་སྡེའི་མཐའ་མཚམས་ཀྱི་མཁར་གྲོང་ཆུང་བ་ཏི་ཨར་ལི་ཨོ་རུ་འདུས་ཡོད་ཀྱང་། ཨ་མེ་རི་ཁའི་སྲིད་གཞུང་གིས་མི་དེ་དག་གི་སྲུང་སྐྱོབ་རེ་བར་འདྲི་གཅོད་དང་གདམ་གསེས་མ་བྱས་པའི་གནས་ཚུལ་འོག གཞི་རྒྱ་ཆེ་བའི་སྒོ་ནས་ཡུལ་གྱར་བ་དེ་དག་མཐར་སྐྲོད་གཏོང་བའི་འགུལ་སྐྱོད་སྤེལ། བྱ་སྤྱོད་དེ་རྒྱལ་སྤྱིའི་རྩ་དོན་དང་མི་འཚམ་པ་དང་། ཉེན་གཡོལ་རེ་ཞུ་བྱེད་མཁན་དེ་དག་གི་གོ་སྐབས་འཕྲོག་པ་རེད་ཟེར། 

ས་འགུལ་དང་ཟིང་འཁྲུག ཐལ་དྲགས་པའི་དབུལ་ཕོངས་སོགས་རྒྱུ་རྐྱེན་གྱི་དབང་གིས་ཧེ་ཐིའི་མི་མང་བོ་ཉེ་སྔོན་མའོ་ཞི་ཁོའི་བར་གཙང་བོས་ཆོད་པའི་ཏི་ཨར་ལི་ཨོ་རུ་བསླེབས་ཏེ། ཨ་མེ་རི་ཁར་ཉེན་གཡོལ་རེ་ཞུ་བྱེད་པར་བརྩོན་ལེན་བྱེད་བཞིན་ཡོད། ཚེས་བཅུ་དགུ་ཉིན་ནས་བཟུང་ཨ་མེ་རི་ཁས་ཉེན་གཡོལ་རེ་ཞུ་མཁན་དེ་དག་གཞི་རྒྱ་ཆེ་བའི་སྒོ་ནས་མཐར་སྐྲོད་གཏོང་བཞིན་ཡོད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།