ཀྲུང་གོ་བོད་ཀྱི་དྲ་བ།

ཕུའུ་ཅིན་གྱིས་ཨུ་རུ་སིའི་སྲིད་གཞུང་གིས་ཤུགས་ཆེན་པོས་ཕིས་ཨར་མུའུ་ནས་མི་ལ་མེ་མདས་བརྒྱབ་པའི་དོན་རྐྱེན་ལ་རྟོག་ཞིབ་བྱེད་རྒྱུའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-09-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་ཉི་ཤུ་ཉིན་བཤད་རྒྱུར། ཉིན་དེར་ཕིས་ཨར་མུའུ་རྒྱལ་བཙུགས་སློབ་ཆེན་ནས་བྱུང་བའི་མི་ལ་མེ་མདས་བརྒྱབ་པའི་དོན་རྐྱེན་དེ་ནི་གནོད་པ་ཐེབས་མཁན་གྱི་ཁྱིམ་ཚང་དང་རྒྱལ་ཁབ་ལ་མཚོན་ན་སྐྱོ་གར་ཞིག་ཡིན་པ་དང་། ཨུ་རུ་སིའི་བཅའ་ཁྲིམས་ལག་བསྟར་ལས་ཁུངས་ཀྱིས་ནུས་པ་གང་ཡོད་བཏོན་ནས་དོན་རྐྱེན་དེའི་འབྱུང་རྐྱེན་ལ་རྩད་གཅོད་བྱེད་དགོས་ཟེར།

ཨུ་རུ་སིའི་ཕིས་ཨར་མུའུ་རྒྱལ་བཙུགས་སློབ་ཆེན་ནས་ཚེས་ཉི་ཤུ་ཉིན་མི་ལ་མེ་མདས་བརྒྱབ་པའི་དོན་རྐྱེན་ཞིག་བྱུང་བ་དང་། མེ་མདས་རྒྱག་མཁན་ཡུལ་དངོས་ནས་འཛིན་བཟུང་བྱས། ཨུ་རུ་སིའི་འཕྲོད་བསྟེན་པུའུ་ཡིས་འདོན་སྤྲོད་བྱས་པའི་གཞི་གྲངས་ལྟར་ན། དོན་རྐྱེན་དེ་ལས་བསྡོམས་པས་མི་དྲུག་རྐྱེན་ལམ་དུ་ཤོར་བ་དང་། མི་ཉེར་བཞིར་རྨས་ཕོག་ཡོད་ཟེར། དེའི་སྔོན་བསྒྲགས་པ་ལྟར་ན་དོན་རྐྱེན་དེ་ལས་མི་བརྒྱད་རྐྱེན་ལམ་དུ་ཤོར་ཡོད་ཟེར།

ཨུ་རུ་སིར་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གི་གསར་འགྱུར་ཁྲུའུ་ཡིས་བསྟན་དོན། བདེན་དཔང་བྱས་པ་བརྒྱུད་ས་དེའི་ཀྲུང་གོའི་སློབ་མ་ཚང་མར་གནོད་སྐྱོན་ཅི་ཡང་ཐེབས་མེད་ཟེར།

ཕུའུ་ཅིན་གྱིས་ཉིན་དེར་བརྙན་རིས་བརྒྱུད་དེ་ཨུ་རུ་སིའི་ཀྲུང་དབྱང་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཕཱ་མུའུ་ཧྥེ་ལོ་ཝ་ལ་ཐུག་འཕྲད་བྱེད་སྐབས་བསྟན་དོན། སྲིད་གཞུང་གིས་དགོས་ངེས་ཀྱི་བྱེད་ཐབས་གང་རུང་སྤྱད་དེ་མེ་མདས་བརྒྱབ་པའི་དོན་རྐྱེན་ཁྲོད་གནོད་སྐྱོན་ཐེབས་མཁན་གྱི་ཁྱིམ་མི་དང་རྨས་མར་རོགས་རམ་བྱེད་རྒྱུ་ཡིན་ཟེར།

ཨུ་རུ་སིའི་ཕིས་ཨར་མུའུ་མཐའ་མཚམས་ས་ཁུལ་སྲིད་གཞུང་གིས་གནོད་པ་ཐེབས་མཁན་གྱི་ཁྱིམ་མི་དང་རྨས་མར་འཚམས་འདྲིའི་དངུལ་སྟེར་བའི་བཀོད་སྒྲིག་ཁྱབ་བསྒྲགས་བྱས་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།