ཀྲུང་གོ་བོད་ཀྱི་དྲ་བ།

ཉིས་སྟོང་ཉེར་གཅིག་ལོའི་ཞི་བདེའི་ལས་འགན་ཞེས་པའི་མཉམ་འབྲེལ་འཇིགས་སྐུལ་ངོ་རྒོལ་གྱི་དམག་དོན་སྦྱོང་བརྡར་དངོས་སུ་སྤེལ་མགོ་བརྩམས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-09-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

20210921084003V2bj.jpg

ཟླ་དགུ་བའི་ཚེས་ཉི་ཤུ་ཉིན། ཨུ་རུ་སིའི་ཨོ་ལོན་པའོ་མངའ་སྡེའི་ཀུའུ་ཙི་ཤར་མ་ནས་སྤེལ་བའི་ཉིས་སྟོང་ཉེར་གཅིག་ལོའི་ཞི་བདེའི་ལས་འགན་ཞེས་པའི་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་མཉམ་འབྲེལ་འཇིགས་སྐུལ་ངོ་རྒོལ་གྱི་དམག་དོན་སྦྱོང་བརྡར་མགོ་རྩོམ་པའི་མཛད་སྒོའི་སྟེང་། ཀྲུང་གོའི་དམག་དཔུང་གིས་དམག་གཟིགས་དང་ལེན་བྱེད་བཞིན་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉིས་སྟོང་ཉེར་གཅིག་ལོའི་ཞི་བདེའི་ལས་འགན་ཞེས་པའི་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་མཉམ་འབྲེལ་འཇིགས་སྐུལ་ངོ་རྒོལ་གྱི་དམག་དོན་སྦྱོང་བརྡར་མགོ་རྩོམ་པའི་མཛད་སྒོ་ཚེས་ཉི་ཤུ་ཉིན་གྱི་སྔ་དྲོར་ཨུ་རུ་སིའི་ཨོ་ལོན་པའོ་མངའ་སྡེའི་ཀུའུ་ཙི་ཤར་མ་ནས་སྤེལ།

སྔ་དྲོའི་དུས་ཚོད་དགུའི་ཡས་མས་སུ། ཨུ་རུ་སིའི་དབུས་ཕྱོགས་དམག་ཁུལ་གྱི་དམག་སྤྱི་ལཱ་པེན་གྱིས་ཞུ་ཚིག་ཕུལ་ཏེ། དམག་དོན་སྦྱོང་བརྡར་དངོས་སུ་མགོ་བརྩམས་པ་ཁྱབ་བསྒྲགས་བྱས། ཁོས་ཞུ་ཚིག་འབུལ་སྐབས་བཤད་རྒྱུར། ཧྲང་ཧེ་མཉམ་ལས་རྩ་འཛུགས་བཙུགས་ནས་ལོ་ངོ་ཉི་ཤུ་འགོར་བའི་སྐབས་སུ་ང་ཚོས་ཐེངས་འདིའི་དམག་དོན་སྦྱོང་བརྡར་སྤེལ་བ་ནི་འཇིགས་སྐུལ་རིང་ལུགས་ལ་རྒོལ་བའི་བྱེད་ཐབས་ནུས་ལྡན་ཞིག་ཡིན། དམག་དོན་སྦྱོང་བརྡར་དེ་ལས་མཉམ་འབྲེལ་འཐབ་འཁྲུག་གི་བྱེད་ཐབས་གསར་བ་སྦྱོང་བརྡར་བྱེད་རྒྱུ་རེད། རྒྱལ་ཁབ་སོ་སོའི་སྦྱོང་བརྡར་ལ་ཞུགས་པའི་དཔོན་དམག་གི་ཐུན་མོང་འབད་བརྩོན་ལ་བརྟེན་ན། ལས་འགན་ཡོངས་འགྲུབ་བྱས་ཏེ་དམག་དོན་སྦྱོང་བརྡར་གྱི་རྒྱལ་ཁ་ལོན་ཐུབ་པར་ང་ཚོར་ཡིད་ཆེས་བརྟན་པོ་ཡོད་ཟེར།

ཉིས་སྟོང་ཉེར་གཅིག་ལོའི་ཞི་བདེའི་ལས་འགན་ཞེས་པའི་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་མཉམ་འབྲེལ་འཇིགས་སྐུལ་ངོ་རྒོལ་གྱི་དམག་དོན་སྦྱོང་བརྡར་གྱི་བརྗོད་སྙིང་ནི་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་གི་དམག་དཔུང་གིས་མཉམ་འབྲེལ་གྱིས་འཇིགས་སྐུལ་ངོ་རྒོལ་འགུལ་སྐྱོད་སྤེལ་བར་གྲ་སྒྲིག་དང་ལག་བསྟར་བྱེད་པ་དེ་ཡིན་ཞིང་། བྱེ་བྲག་ཏུ་དུས་རིམ་གཉིས་སུ་དགར་ཡོད་དེ། ཟླ་དགུ་བའི་ཚེས་ཉི་ཤུ་ཉིན་ནས་ཚེས་ཉེར་གཉིས་ཉིན་བར་འཇིགས་སྐུལ་ངོ་རྒོལ་འཐབ་འཁྲུག་གི་གྲ་སྒྲིག་འཆར་འགོད་དུས་རིམ་ཡིན་པ་དང་། ཟླ་དགུ་བའི་ཚེས་ཉེར་གསུམ་ཉིན་ནས་ཚེས་ཉེར་བཞིའི་ཉིན་བར་འཇིགས་སྐུལ་ངོ་རྒོལ་འཐབ་འཁྲུག་གི་ལག་བསྟར་དུས་རིམ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།