ཀྲུང་གོ་བོད་ཀྱི་དྲ་བ།

ཕྱི་འབྲེལ་པུའུ་ཡིས་ཨར་ཅི་རི་ཡའི་སྔོན་ཆད་ཀྱི་ཙུང་ཐུང་པུའུ་ཐི་ཧྥུའུ་ལི་ཁ་སྐུ་གཤེགས་པར་མྱ་ངན་ཞུ་བའི་བསམ་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-09-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཀྲའོ་ལི་ཅན་གྱིས་ཚེས་བཅུ་དགུ་ཉིན་བཤད་རྒྱུར།   ཀྲུང་གོ་ཕྱོགས་ཀྱིས་ཨར་ཅི་རི་ཡའི་སྔོན་ཆད་ཀྱི་ཙུང་ཐུང་པུའུ་ཐི་ཧྥུའུ་ལི་ཁ་སྐུ་གཤེགས་པར་མྱ་ངན་ཞུས་པ་དང་།    ཁོས་ཁྱིམ་མི་ལ་ལྷག་བསམ་ཟོལ་མེད་སྒོས་འཚམས་འདྲི་བྱས་པ་ཡིན་ཟེར།

ཀྲའོ་ལི་ཅན་གྱིས་བསྟན་དོན།   སྐུ་ཞབས་པུའུ་ཐི་ཧྥུའུ་ལི་ཁ་ནི་ཨར་ཅི་རི་ཡ་དང་ཨ་རབ་ཀྱི་འཛམ་གླིང་དང་ཨ་ཧྥེ་རི་ཁ་གླིང་དུ་མིང་དུ་གྲགས་པའི་ཆབ་སྲིད་པ་དང་མི་རིགས་བཅིངས་འགྲོལ་འགུལ་སྐྱོད་ཀྱི་སྣེ་ཁྲིད་མཁན་ཡིན་པ་དང་།    ཀྲུང་གོ་མི་དམངས་ཀྱི་གྲོགས་པོ་བཟང་བོའང་ཡིན།

ཀྲའོ་ལི་ཅན་གྱིས་བཤད་རྒྱུར།   ལོ་ལྔ་བཅུའི་སྔོན་ལ།  ཁོང་གིས་ཨར་ཅི་རི་ཡའི་ཕྱི་འབྲེལ་དཔོན་པོའི་འགན་ཁུར་བའི་སྐབས་སུ།  ཀྲུང་གོའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁྲིམས་མཐུན་གོ་གནས་སླར་གསོ་བྱེད་པའི་ཐད་ནས་བྱས་རྗེས་གལ་ཆེན་བཞག   ཁོས་ཨར་ཅི་རི་ཡའི་ཙུང་ཐུང་གི་འགན་བཞེས་པའི་སྐབས་སུ།   ཀྲུང་གོ་དང་ཨར་ཅི་རི་ཡའི་འབྲེལ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་བཏང་བ་དང་།  རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་མཛའ་བརྩེའི་མཉམ་ལས་ཇེ་ཟབ་ཏུ་བཏང་།

ཀྲའོ་ལི་ཅིན་གྱིས་བསྟན་དོན།   ཀྲུང་གོ་ཕྱོགས་ཀྱིས་ཨར་ཅི་རི་ཡ་ཕྱོགས་དང་མཉམ་དུ་རྒྱུན་མཐུད་འབད་འཐབ་བྱས་ནས།  ཀྲུང་གོ་དང་ཨར་ཅི་རི་ཡའི་ཁྱོན་ཡོངས་འཐབ་ཇུས་གྲོགས་པོའི་འབྲེལ་བ་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ལེན་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།