ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་སྲིད་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་ཞི་བདེ་སྲུང་སྐྱོབ་མི་སྣར་ཞལ་འདེབས་སུ་ཕུལ་བའི་འགོག་སྨན་རྩིས་སྤྲོད་མཛད་སྒོ་བརྙན་རིས་ཀྱི་ལམ་ནས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-09-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དགུ་བའི་ཚེས་བཅུ་བདུན་ཉིན། ཀྲུང་གོ་སྲིད་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་ཞི་བདེ་སྲུང་སྐྱོབ་མི་སྣར་ཞལ་འདེབས་སུ་ཕུལ་བའི་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་རྩིས་སྤྲོད་མཛད་སྒོ་བརྙན་རིས་ཀྱི་ལམ་ནས་བསྡུས།

རྒྱལ་ཁབ་རྒྱལ་སྤྱིའི་འཕེལ་རྒྱས་མཉམ་ལས་ཧྲུའུ་ཡི་མགོ་གཙོ་གཞོན་པ་ཀྲང་མའོ་ཡུས་ཀྱིས་བཤད་དོན། མཉམ་འབྲེལ་རྒྱལ་ཚོགས་ཞི་བདེ་སྲུང་སྐྱོབ་འགུལ་སྐྱོད་ནི་འཛམ་གླིང་གི་ཞི་བདེ་དང་བདེ་འཇགས་སྲུང་སྐྱོབ་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཡིན། པྲོག་གསར་གློ་ཚད་རིམས་ནད་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཞི་བདེ་སྲུང་སྐྱོབ་མི་སྣའི་བདེ་འཇགས་ལ་འགྲན་རྩོད་གསར་བ་བཟོས། མཉམ་འབྲེལ་རྒྱལ་ཚོགས་ཞི་བདེ་སྲུང་སྐྱོབ་མི་སྣའི་ལུས་ཕུང་བདེ་ཐང་ལ་འགན་སྲུང་བྱེད་པ་དང་ཁོ་ཚོས་འགན་འཁྲི་ལག་བསྟར་བྱེད་པར་རོགས་རམ་བྱེད་ཆེད། ཀྲུང་གོ་ཕྱོགས་ཀྱིས་ཞི་བདེ་སྲུང་སྐྱོབ་མི་སྣར་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་ཞལ་འདེབས་སུ་ཕུལ་བ་དང་། དེ་ལས་ཀྲུང་གོས་ཕྱོགས་མང་རིང་ལུགས་དང་མཉམ་འབྲེལ་རྒྱལ་ཚོགས་ལ་རྒྱབ་སྐྱོར་བྱས་པ་གང་ལེགས་སྒོས་མཚོན་པ་དང་། ཀྲུང་གོས་ཞི་བདེ་སྲུང་སྐྱོབ་མི་སྣར་སེམས་ཁུར་བྱེད་པ་མཚོན་ཡོད། ཀྲུང་གོས་མུ་མཐུད་དུ་རྒྱལ་སྤྱིའི་རིམས་འགོག་མཉམ་ལས་རྒྱ་བསྐྱེད་པ་དང་། འཛམ་གླིང་ཡོངས་ཀྱི་རིམས་ནད་རྗེས་ཀྱི་དཔལ་འབྱོར་བརྟན་འཇགས་དང་སླར་གསོ་བྱེད་པར་རོགས་འདེགས་བྱས་ནས། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གསར་སྐྲུན་བྱེད་པར་སྐུལ་འདེད་གཏོང་ངེས་ཡིན་ཟེར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་རོགས་དྲུང་ཡིག་ཆེན་མོ་སང་ཏི་སི་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་དང་མཉམ་འབྲེལ་རྒྱལ་ཚོགས་ཁོངས་གཏོགས་ཀྱི་ཚབ་བྱས་ཏེ། ཀྲུང་གོ་སྲིད་གཞུང་གིས་རོགས་སྐྱོར་བྱས་པར་བཀའ་དྲིན་ཆེ་ཞུས། ཁོས་བརྙན་རིས་བརྒྱུད་དེ་བཤད་དོན། ཀྲུང་གོ་ཕྱོགས་ཀྱིས་འགོག་སྨན་ཞལ་འདེབས་སུ་ཕུལ་བ་ཧ་ཅང་དུས་ལ་བབས་པ་ཞིག་ཡིན་པ་དང་། དེས་མཉམ་འབྲེལ་རྒྱལ་ཚོགས་ཁོངས་གཏོགས་ཀྱིས་རིམས་ནད་ལ་ཁ་གཏད་འཇལ་བའི་ནུས་པ་ཇེ་ཆེར་གཏོང་བ་དང་། ཞི་བདེ་སྲུང་སྐྱོབ་མི་སྣས་འགན་འཁྲི་ལག་བསྟར་བཟང་བོ་བྱེད་པར་རོགས་རམ་བྱེད་པ་དང་འགན་འཁྲི་ཡོངས་འགྲུབ་བྱེད་པར་ཧ་ཅང་གལ་ཆེ་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།