ཀྲུང་གོ་བོད་ཀྱི་དྲ་བ།

ཨོ་སི་ཁྲུ་ལི་ཡཱའི་སྔོན་ཆད་ཀྱི་ཙུང་ལི་དང་ཆེད་མཁས་པས་ཨོ་སི་ཁྲུ་ལི་ཡཱ་དང་ཨ་མེ་རི་ཁ། དབྱིན་ཇི་བཅས་ཕྱོགས་གསུམ་གྱི་བདེ་འཇགས་གྲོགས་པོའི་འབྲེལ་བར་དོགས་པ་ཟ་བའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-09-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨོ་སི་ཁྲུ་ལི་ཡཱའི་སྔོན་ཆད་ཀྱི་ཙུང་ལི་ཅི་ཐིན་དང་རྒྱལ་ཁབ་དེའི་མིང་གྲགས་མཁས་པ་རེ་འགས་ཉེ་སྔོན་ཨོ་སི་ཁྲུ་ལི་ཡཱ་དང་ཨ་མེ་རི་ཁ། དབྱིན་ཇི་བཅས་ཀྱིས་ཕྱོགས་གསུམ་གྱི་བདེ་འཇགས་གྲོགས་པོའི་འབྲེལ་བ་བཙུགས་ནས་ཉིང་རྡུལ་ཆུ་འཛུལ་གྲུ་གཟིངས་ཀྱི་མཉམ་ལས་སྤེལ་བར་ཁྱབ་སྒྲོག་བྱས་པར་དོགས་པ་ཟ་བའི་ཚུལ་བསྟན། དེ་ལས་ཨོ་སི་ཁྲུ་ལི་ཡཱའི་ཕྱི་འབྲེལ་རང་བདག་དབང་ཆ་ཤོར་སྲིད་པ་དང་། ས་ཁུལ་གྱི་ཞི་བདེ་དང་གཏན་འཇགས་ལ་ཕན་ཐོགས་མེད་ལ། དམག་ཆས་འགྲན་བསྡུར་བྱེད་པའི་སྣང་ཚུལ་འབྱུང་སྲིད་པར་འདོད། 

ཅི་ཐིན་གྱིས་ཚེས་བཅུ་དྲུག་ཉིན་གསལ་སྒྲོག་སྤེལ་ཏེ། ཨོ་སི་ཁྲུ་ལི་ཡཱ་དང་ཨ་མེ་རི་ཁ། དབྱིན་ཇི་བཅས་རྒྱལ་ཁབ་གསུམ་གྱིས་ཁྱབ་བསྒྲགས་བྱས་པའི་རྐྱེན་སྲོལ་དེ་ལས་ཨོ་སི་ཁྲུ་ལི་ཡཱའི་བདག་དབང་སྔར་ལས་ཉམས་སྲིད་པ་དང་། ཨ་མེ་རི་ཁའི་རྒྱུ་དངོས་ལ་བརྟེན་ན་ཨོ་སི་ཁྲུ་ལི་ཡཱའི་ཕྱི་འབྲེལ་རང་དབང་དང་གདམ་གསེས་ཀྱི་དབང་ཆ་འཕྲོག་སྲིད་ཟེར། 

རང་བཙན་སྤྱི་བའི་སྲིད་ཇུས་རིག་མཛོད་ཨོ་སི་ཁྲུ་ལི་ཡཱའི་ཞིབ་འཇུག་ཁང་རྒྱལ་སྤྱི་དང་བདེ་འཇགས་ལས་དོན་གྱི་ལས་གཞིའི་གཙོ་འགན་ཁུར་མཁན་པེ་མུའུ་ཡིས་ཚེས་བཅུ་དྲུག་ཉིན་གསལ་སྒྲོག་སྤེལ་ཏེ་ཨོ་སི་ཁྲུ་ལི་ཡཱའི་སྲིད་གཞུང་ལ་དྲི་བ་འདི་འདྲ་དྲིས། ཆོད་དོན་དེ་ལས་ཕྱི་རྒྱལ་གྱི་མཁོ་འདོན་ཁོ་ནར་བརྟེན་པ་དང་། རང་བདག་གི་དབང་ཆ་གང་ཡང་མི་བསྐྱུར་བ་དང་ལེན་བྱས་ཆོག་པ་ཞིག་ཡིན་པ་མཚོན་ཡོད་དམ། ཆོད་དོན་དེ་དང་དེའི་ཁྱབ་བསྒྲགས་བྱེད་ཐབས་ས་ཁུལ་གྱི་དམག་ཆས་འགྲན་བསྡུར་གྱི་སྣང་ཚུལ་འབྱུང་སྲིད་དམ། 

ཨོ་སི་ཁྲུ་ལི་ཡཱའི་མིང་དུ་གྲགས་པའི་འཐབ་ཇུས་ཆེད་མཁས་པ་ཧོའེ་ཐི་ཡིས་ཚེས་བཅུ་དྲུག་ཉིན་བཤད་རྒྱུར། ཨོ་སི་ཁྲུ་ལི་ཡཱ་དང་ཨ་མེ་རི་ཁ། དབྱིན་ཇི་བཅས་ཀྱི་ཉིང་རྡུལ་སྒུལ་ཤུགས་ཀྱི་ཉོ་ཚོང་ལ་ཉེན་ཁས་ཁེངས་ཡོད་པ་དང་། ཨེ་ཤ་ཡཱ་ལ་འཇམ་འཐབ་ཀྱི་ཉེན་ཁ་འབྱུང་སྲིད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།