ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་མང་བོས་འགྲོ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ནས་གཏམ་བཤད་སྤེལ་ཏེ་ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་ཀྲུང་གོའི་ནང་སྲིད་ལ་ཐེ་གཏོགས་བྱེད་པར་ངོ་རྒོལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-09-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་འགྲོ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་སྐབས་ཞེ་བརྒྱད་པ་དང་མཉམ་འབྲེལ་རྒྱལ་ཚོགས་འགྲོ་མིའི་ཐོབ་ཐང་གི་མཐོ་རིམ་ཆེད་དོན་པའི་གྲོས་མོལ་ཚེས་བཅུ་བཞི་ཉིན་ནས་ཚེས་བཅོ་ལྔའི་ཉིན་བར་སྤེལ། ཝེ་ནེ་ཙུའེ་ལཱ་དང་ཁྲའོ་ཞན། སུའུ་ཏན་ལྷོ་མ། ལའོ་ཝའོ། སིང་ག་ལཱ། ཏོ་སྨི་ནི་ཀ ཨེ་མེ་ནི་ཡཱ། མར་ཏའེ་ཝེ། ཐན་ཙན་ནི་ཡཱ་སོགས་རྒྱལ་ཁབ་ཀྱི་འཐུས་མིས་གཏམ་བཤད་སྤེལ་ཏེ། ཀྲུང་གོའི་འགྲོ་མིའི་ཐོབ་ཐང་གི་གྲུབ་འབྲས་ལ་གཟེངས་བསྟོད་བྱས་པ་དང་། ཞིན་ཅང་དང་ཞང་ཀང་། བོད་ལྗོངས་སོགས་ལ་འབྲེལ་བའི་གནད་དོན་ནི་ཀྲུང་གོའི་ནང་སྲིད་ཡིན་པས། ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་ཐེ་གཏོགས་བྱེད་མི་རུང་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།