ཀྲུང་གོ་བོད་ཀྱི་དྲ་བ།

ནེ་ཀྲི་རི་ཡཱའི་བདེ་འཇགས་སྡེ་ཁག་གིས་བཙོན་ཁང་ནས་ཕྱིར་བྲོས་པའི་ཉེས་ཅན་བརྒྱ་དང་བཅུ་བཞི་འཛིན་བཟུང་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-09-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ནེ་ཀྲི་རི་ཡཱའི་བཙོན་ཁང་སྲིད་དོན་སྡེ་ཁག་གིས་ཚེས་བཅུ་བཞི་ཉིན་བདེན་དཔང་བྱས་དོན། ནེ་ཀྲི་རི་ཡཱའི་བདེ་འཇགས་སྡེ་ཁག་གིས་ཉེ་སྔོན་རྒྱལ་ཁབ་དེའི་དབུས་ཕྱོགས་ཀྱི་ཁི་ཅི་མངའ་སྡེའི་བཙོན་ཁང་ཞིག་ནས་བྲོས་བྱོལ་བྱས་པའི་ཉེས་ཅན་བརྒྱ་དང་བཅུ་བཞི་འཛིན་བཟུང་བྱས་ཟེར། 

ནེ་ཀྲི་རི་ཡཱའི་བཙོན་ཁང་སྲིད་དོན་སྡེ་ཁག་གི་མགྲིན་ཚབ་པ་ཨེ་ནོའུ་པའོ་ལོས་ཀྱིས་ཉིན་དེར་གསལ་སྒྲོག་ཅིག་ལས་བཤད་རྒྱུར། དྲག་ཆས་ཉེས་ཅན་སྐོར་ཞིག་གིས་ཚེས་བཅུ་གཉིས་ཉིན་གྱི་དགོང་མོར་གློ་བུར་དུ་ཁི་ཅི་མངའ་སྡེའི་ཁཱ་པཱ་གྲོང་རྡལ་གྱི་བཙོན་ཁང་ཞིག་ལ་འཇབ་རྒོལ་བྱས། བཙོན་ཁང་གི་ལྟ་སྲུང་མི་སྣའི་བར་འཁྲུག་རྩོད་དྲག་པོ་བྱས་རྗེས། བཀག་འཇུག་བྱས་པའི་བཙོན་མ་ཉིས་བརྒྱ་དང་བཞི་བཅུ་ལྷག་བཙན་གྱིས་ཕྱིར་བཏང་། དོན་རྐྱེན་དེ་བྱུང་རྗེས། ནེ་ཀྲི་རི་ཡཱའི་བཙོན་ཁང་སྲིད་དོན་སྡེ་ཁག་གིས་མྱུར་མོར་འཛིན་བཟུང་ལས་རིམ་མགོ་བརྩམས། བདེ་འཇགས་སྡེ་ཁག་དང་ས་དེའི་དམངས་དམག་རྩ་འཛུགས་ཀྱིས་མཉམ་འབྲེལ་འགུལ་སྐྱོད་སྤེལ་ནས། ཚེས་བཅུ་བཞིའི་ཉིན་བར་བཙོན་ཁང་ནས་བྲོས་པའི་ཉེས་ཅན་བརྒྱ་དང་བཅུ་བཞི་འཛིན་བཟུང་བྱས་ཡོད་ཟེར། 

ཨེ་ནོའུ་པའོ་ལོས་ཀྱིས་བཤད་རྒྱུར། མིག་སྔར་འཛིན་བཟུང་འགུལ་སྐྱོད་མུ་མཐུད་དུ་སྤེལ་བཞིན་ཡོད་ཟེར། ཁོས་ས་དེའི་མང་ཚོགས་ཀྱིས་རོགས་འདེགས་བྱས་ནས་དུས་ལྟར་བཙོན་ཁང་ནས་བྲོས་པའི་ཉེས་ཅན་གར་ཡོད་སྙན་ཞུ་བྱེད་དགོས་པའི་འབོད་སྐུལ་བཏང་།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།