ཀྲུང་གོ་བོད་ཀྱི་དྲ་བ།

པཱ་ཞིའི་གནམ་གྲུ་ཆུང་བ་ཞིག་སར་ལྷུང་ནས་མི་བདུན་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-09-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། པཱ་ཞིའི་ཧྲིན་པའོ་ལོ་མངའ་སྡེའི་ཕིས་ལཱ་ཞི་ཁཱ་པཱ་གྲོང་ཁྱེར་གྱི་མེ་གསོད་སྡེ་ཁག་གིས་ཚེས་བཅུ་བཞི་ཉིན་སྤེལ་བའི་གནས་ཚུལ་ལྟར་ན། གནམ་གྲུ་ཆུང་བ་ཞིག་ཉིན་དེའི་སྔ་དྲོའི་དུས་ཚོད་དགུ་ཡས་མས་སུ་སར་ལྷུང་སྟེ། འགྲུལ་བ་ལྔ་དང་གནམ་གྲུའི་སྟེང་གི་ལས་བྱེད་མི་སྣ་གཉིས་བཅས་གནམ་གྲུའི་སྟེང་གི་མི་བདུན་པོ་ཚང་མ་རྐྱེན་ལམ་དུ་ཤོར་ཟེར། 

མེ་གསོད་སྡེ་ཁག་གིས་བཤད་རྒྱུར། གནམ་གྲུ་དེ་ཕིས་ལཱ་ཞི་ཁཱ་པཱ་གནམ་གྲུ་ཐང་ནས་འཕུར་རྗེས། ཅང་མ་འགོར་བར་ཧྲིན་པའོ་ལོ་མངའ་སྡེའི་རང་བྱུང་ཚན་རིག་བཟོ་སྐྲུན་སློབ་གླིང་གི་ཕིས་ལཱ་ཞི་ཁཱ་པཱ་ཡན་ལག་སློབ་གྲྭ་དང་ཐག་མི་རིང་བའི་ནགས་ཚལ་ཁྲོད་ལྷུང་བ་དང་། གནམ་གྲུ་འགས་གཏོར་བྱུང་སྟེ་མེ་སྐྱོན་བཟོས་ཡོད་ཟེར། ཉེན་རྟོག་པ་དང་མེ་གསོད་སྡེ་ཁག་གིས་དོན་རྐྱེན་བྱུང་སའི་ཡུལ་དངོས་བཀག་སྡོམ་བྱས་ཏེ་མེ་སྐྱོན་ལ་ཚོད་འཛིན་བྱེད་བཞིན་ཡོད་ཟེར། 

པཱ་ཞིའི་མཁའ་དམག་གི་གནམ་གྲུའི་དོན་རྐྱེན་རྟོག་ཞིབ་དང་ཚོད་འཛིན་ལྟེ་གནས་ཀྱིས་ཡུལ་དངོས་སུ་མི་སྣ་མངག་ནས་དོན་རྐྱེན་དེའི་འབྱུང་རྐྱེན་ལ་རྟོག་ཞིབ་བྱེད་དུ་བཅུག 

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།