ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིའི་སྲིད་གཞུང་གིས་ཨུ་རུ་སི་དང་ཀྲུང་གོའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དེ་དངུལ་ལོར་འཕེལ་རྒྱས་ཀྱི་ཐོག་མའི་ཁ་ཕྱོགས་སུ་བཟུང་ཡོད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-09-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ནོར་སྲིད་པུའུ་ཡིས་ཚེས་བཅུ་གསུམ་ཉིན་ཡིག་ཆ་ཞིག་ལས་བསྟན་དོན། ཨུ་རུ་སིའི་སྲིད་གཞུང་དང་ཀྲུང་དབྱང་དངུལ་ཁང་གིས་བལྟས་ན། ཀྲུང་གོའི་དངུལ་ལོར་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་ནི་ཨུ་རུ་སིའི་དངུལ་ལོར་ཁྱབ་ཁོངས་ཀྱི་ཐོག་མའི་འཕེལ་རྒྱས་ཁ་ཕྱོགས་སུ་འཛིན་དགོས་པར་འདོད། 

ཨུ་རུ་སིའི་ནོར་སྲིད་པུའུ་ཡིས་ཉིན་དེར་ཉིས་སྟོང་སུམ་ཅུ་ལོའི་ཨུ་རུ་སིའི་དངུལ་ལོར་ཚོང་རའི་འཕེལ་རྒྱས་འཐབ་ཇུས་ཁྱབ་བསྒྲགས་བྱས་ཏེ་མང་ཚོགས་ལ་གྲོས་བསྡུར་བྱེད་དུ་བཅུག འཐབ་ཇུས་དེ་ལྟར་ན། ཨུ་རུ་སི་ཡིས་ཨེ་ཤ་ཡཱའི་བར་དང་ཁྱད་པར་དུ་ཀྲུང་གོའི་དངུལ་ལོར་ཚོང་རའི་གཞི་གཅིག་ཅན་ལ་སྐུལ་འདེད་གཏོང་བ་དེ་ཐོག་མའི་ཁ་ཕྱོགས་སུ་བཟུང་ཡོད་པ་དང་། མུ་མཐུད་དུ་ཨུ་རུ་སི་དང་ཀྲུང་གོའི་དངུལ་ལོར་ཚོང་རའི་བར་གྱི་རོགས་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད། དེའི་ནང་རྒྱལ་ཁབ་གཉིས་ཀྱི་དངུལ་གཏོང་མཁན་དང་འགྲེམ་སྤེལ་ལས་ཁུངས་ཕན་ཚུན་གྱི་མ་རྩའི་ཚོང་རར་ཞུགས་པར་རོགས་རམ་བྱེད་པ་དང་། ཕྱོགས་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་འགྲོ་འོང་ཁྲོད་དངུལ་ལོར་འཛའ་ཐང་རྩིས་བཤེར་རྒྱ་བསྐྱེད་པ་སོགས་འདུས། 

ཨུ་རུ་སིའི་ནོར་སྲིད་པུའུ་ཡི་པུའུ་ཀྲང་མའོ་དབྱེ་ཞེ་ཡེ་ཧྥུའུ་ཡིས་གསར་འགྱུར་ལས་རིགས་ལ་མཚམས་སྦྱོར་བྱས་དོན། འཐབ་ཇུས་དེ་ད་རུང་དངུལ་ལོར་ཞབས་ཞུའི་འཛད་སྤྱོད་མཁན་གྱི་ཁེ་དབང་ལ་སྲུང་སྐྱོབ་བྱེད་པ་དང་དངུལ་ལོར་གྲངས་ལྡན་ཅན་ལ་སྐུལ་འདེད་གཏོང་བ། ལྟ་རྟོག་དོ་དམ་ལམ་ལུགས་ལེགས་བཅོས་བྱེད་པ་སོགས་ནང་དོན་རབ་དང་རིམ་པར་འབྲེལ་ཡོད། 

ཨུ་རུ་སིའི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། ཨུ་རུ་སིའི་སྲིད་གཞུང་དང་ཀྲུང་དབྱང་དངུལ་ཁང་གིས་འཐབ་ཇུས་དེ་ལག་བསྟར་བྱས་པ་ལ་བརྟེན་ནས་ཨུ་རུ་སིའི་དངུལ་ལོར་ཚོང་རའི་འགྲན་རྩོད་ཁོར་ཡུག་ལེགས་བཅོས་དང་། དངུལ་གཏོང་མཁན་གྱི་ཨུ་རུ་སིའི་དངུལ་ལོར་ཚོང་རའི་ཡིད་ཆེས་ཇེ་དྲག་ཏུ་གཏོང་འདོད་ཡོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།