ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་གྱིས་དབྱི་ལིང་གིས་ཇི་ལྟར་མུ་མཐུད་དུ་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མོལ་སྤེལ་བའི་ཐད་ནས་ནང་ཁུལ་དུ་གྲོས་མོལ་བྱེད་བཞིན་ཡོད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-09-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཨ་པུའུ་ཏུ་ལཱ་ཞེ་དབྱང་གིས་ཚེས་བཅུ་གསུམ་ཉིན་དབྱིན་ཇིའི་ཕྱི་འབྲེལ་བློན་ཆེན་ལཱ་པུའུ་ལ་ཁ་པར་གཏོང་སྐབས་བཤད་རྒྱུར། དབྱི་ལིང་གིས་ཇི་ལྟར་མུ་མཐུད་དུ་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མོལ་སྤེལ་བའི་ཐད་ནས་ནང་ཁུལ་དུ་གྲོས་མོལ་བྱེད་བཞིན་ཡོད་ཟེར། 

ཨ་པུའུ་ཏུའུ་ལཱ་ཞེ་དབྱང་གིས་ཁ་པར་གཏོང་སྐབས་བསྟན་དོན། དབྱི་ལིང་གིས་དོན་དངོས་གྲུབ་འབྲས་ཐོབ་ཐུབ་པ་དང་དབྱི་ལིང་མི་དམངས་ཀྱི་ཁེ་ཕན་ལ་ཕན་པའི་གྲོས་མོལ་གང་ཡིན་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད། དབྱི་ལིང་གིས་ཇི་ལྟར་མུ་མཐུད་དུ་ནུབ་ཕྱོགས་རྒྱལ་ཁབ་དག་གི་བར་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མོལ་སྤེལ་བའི་ཐད་ནས་ནང་ཁུལ་དུ་གྲོས་མོལ་བྱེད་བཞིན་ཡོད་ཟེར། 

ཕྱོགས་གཉིས་ཀྱིས་ཁ་པར་གཏོང་སྐབས་ད་རུང་ཨ་ཧྥུའུ་ཧན་གྱི་གནས་བབ་གླེང་། ཨ་པུའུ་ཏུའུ་ལཱ་ཞེ་དབྱང་གིས་ཨ་མེ་རི་ཁ་སོགས་ནུབ་ཕྱོགས་རྒྱལ་ཁབ་དག་གིས་ཨ་ཧྥུའུ་ཧན་ལ་སྤྱད་པའི་ནོར་འཆུག་གི་སྲིད་ཇུས་ལས་བྱུང་བའི་ཤུགས་རྐྱེན་ངན་པར་ཡིད་འཕང་བའི་ཚུལ་བསྟན། ཁོས་བཤད་རྒྱུར། ཨ་ཧྥུའུ་ཧན་གྱིས་ཕྱོགས་སོ་སོ་ཟབ་ཞུགས་བྱེད་པའི་བཟོད་སྒོམ་རང་བཞིན་གྱི་སྲིད་གཞུང་ཞིག་བཙུགས་ཏེ་བདེ་འཇགས་དང་གཏན་འཇགས་མངོན་འགྱུར་བྱེད་དགོས་ཟེར། 

ལཱ་པུའུ་ཡིས་ཕྱོགས་གཉིས་ཀྱི་ཁ་པར་གྲོས་མོལ་བྱས་རྗེས་དྲ་ཚིགས་བརྒྱུད་དེ་བསྟན་དོན། གཏན་འཇགས་ཀྱི་ཨ་ཧྥུའུ་ཧན་ནི་ཕྱོགས་སོ་སོའི་ཁེ་ཕན་དང་འཚམ་པ་ཡིན་ཟེར། ཁོས་དབྱི་ལིང་གིས་གང་འདོད་དུ་བཀག་འཇུག་བྱས་པའི་དབྱིན་ཇིའི་སྤྱི་དམངས་ཚང་མ་ཕྱིར་བཏང་སྟེ། ཨོ་སི་ཁྲུ་རི་ཡཱའི་རྒྱལ་ས་ཝེ་ཡེ་ནཱ་རུ་སྤེལ་བའི་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མོལ་ལ་ཡང་བསྐྱར་ཞུགས་དགོས་པའི་འབོད་སྐུལ་བཏང་། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།