ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་རུ་གནམ་གྲུ་ཞིག་ཚུལ་མིན་གྱི་མར་བབས་པས་མི4རྐྱེན་ལམ་དུ་ཤོར་བ་དང་མི12ལ་རྨས་སྐྱོན་ཕོག

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-09-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས12ཉིན། ཨུ་རུ་སིའི་སྨྱན་བྱད་ཀྱིས་བསྒྲགས་པའི་གསར་འགྱུར་ལྟར་ན། ཨུ་རུ་སིའི་གནམ་གྲུ་ཞིག་ཨུ་རུ་སི་དབྱི་ཨེར་ཁུའུ་ཚི་ཁི་མངའ་སྡེ་རུ་ཚུལ་མཐུན་གྱི་མར་འབབ་མ་ནུས་པས་མི4རྐྱེན་ལམ་དུ་ཤོར་བ་དང་མི12ལ་རྨས་སྐྱོན་ཕོག

གསར་འགྱུར་ལྟར་ན། འབྲེལ་ཡོད་སྡེ་ཁག་གིས་ཚེས12ཉིན་གྱི་དགོང་མོར་འབྱོར་བའི་གནས་ཚུལ་ཡིན་ན། L-410རྟགས་ཅན་གྱི་གནམ་གྲུ་ཞིག་དབྱི་ཨེར་ཁུའུ་ཚི་ཁི་མངའ་སྡེའི་ཁཱ་ཀྲ་ཆན་སི་ཁུ་ཡེ་སྡེ་བ་དང་སྤྱི་ལེ4ཡོད་པའི་མཚམས་སུ་ཚུལ་མིན་གྱི་མར་བབས་པས་ཁ་ལོ་བ2ཚུད་པའི་མི4རྐྱེན་ལམ་དུ་ཤོར་བ་དང་མི12ལ་རྨས་སྐྱོན་ཕོག དོན་རྐྱེན་བྱུང་སྐབས་གནམ་གྲུའི་སྟེང་མི16ཡོད་པ་རེད། 

གསར་འགྱུར་ལྟར་ན། ཨུ་རུ་སིའི་བྲེལ་མྱུར་སྡེ་ཁག་གིས་མྱུར་སྐྱོབ་མི་སྣ་དང་སྨི-8རྟགས་ཅན་གྱི་གྱེན་འཕུར་གནམ་གྲུ་ཞིག་ཡུལ་དངོས་སུ་རོགས་སྐྱོབ་བྱེད་པར་མངགས་ཡོད་ལ། ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་གྱི་མྱུར་ཞིབ་ཨུ་ཡོན་ལྷན་ཁང་གིས་དོན་རྐྱེན་འདི་ལ་འབྲེལ་ཡོད་བརྟག་དཔྱད་བྱེད་བཞིན་པའི་སྒང་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།