ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་ཨ་ཧྥུའུ་ཧན་ལ་མི་ཆོས་རོགས་སྐྱོར་འདོན་སྤྲོད་བྱེད་པ་ནི་ཁ་ཚ་དགོས་གཏུག་གི་དོན་ཞིག་ཡིན་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-09-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་བཅུ་ཉིན་ཉིག་ཡོ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས་སྤེལ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཨ་ཧྥུའུ་ཧན་ལ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་འདོན་སྤྲོད་བྱེད་པ་ནི་ཁ་ཚ་དགོས་གཏུག་གི་གནད་དོན་ཅིག་ཡིན་པ་དང་། ཨ་ཧྥུའུ་ཧན་ནས་མི་ཆོས་རིང་ལུགས་ཀྱི་གནོད་འཚེ་བྱུང་ནས་དཔལ་འབྱོར་ཉམས་རྒུད་དུ་འགྲོ་བར་སྔོན་འགོག་བྱེད་དགོས་ཟེར། 

ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། མིག་སྔར་ཨ་ཧྥུའུ་ཧན་ཐཱ་ལེ་པན་བར་འབྲེལ་འདྲིས་བྱེད་པར་དགོས་གལ་ཆེ་བ་དང་། རྒྱལ་ཁབ་སོ་སོས་ཕན་ནུས་ལྡན་པའི་ཐབས་ཀྱིས་ཐཱ་ལེ་པན་བར་འབྲེལ་འདྲི་བྱས་ཆོག་ལ། ཐོག་མའི་ལས་འགན་ནི་ཨ་ཧྥུའུ་ཧན་ལ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་འདོན་སྤྲོད་བྱེད་རྒྱུ་དེ་ཡིན་ཟེར། 

ཁོས་བསྟན་དོན། ཨ་ཧྥུའུ་ཧན་གྱི་མི་དམངས་ལ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་འདོན་སྤྲོད་བྱེད་པའི་ཐད་ནས། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གནད་འགག་གི་ནུས་པ་འདོན་ཐུབ་ཟེར། 

ཨ་ཧྥུའུ་ཧན་གྱི་དཔལ་འབྱོར་གནས་བབ་གླེང་སྐབས་ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། གལ་ཏེ་ཨ་ཧྥུའུ་ཧན་ནས་དཔལ་འབྱོར་ཉམས་རྒུད་བྱུང་ཚེ་མི་གང་ཡིན་གྱི་ཁེ་ཕན་དང་མི་འཚམ་པས། ང་ཚོས་གནོད་འཚེ་རང་བཞིན་གྱི་རྣམ་པ་འབྱུང་བར་སྔོན་འགོག་བྱེད་པའི་བྱེད་ཐབས་བཙལ་ཏེ། དཔལ་འབྱོར་གནས་བབ་གཏན་འཇགས་མིན་ཚེ་འཇིགས་སྐུལ་ཉེས་ཅན་གྱིས་བེད་སྤྱོད་བྱེད་སླ་བ་ཡིན་ཟེར། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨ་ཧྥུའུ་ཧན་རོགས་སྐྱོར་ཚོགས་པའི་ཡུན་ཚད་ཇེ་རིང་དུ་གཏོང་བའི་གནད་དོན་ཐད་ནས་ཀུའུ་ཐི་ལོས་སི་ཡིས་བལྟས་ན། མིག་སྔར་ཨ་ཧྥུའུ་ཧན་གྱི་གནས་བབ་གསལ་བོ་མིན་པ་དང་། ཁོས་བལྟས་ན་ལག་རྩལ་རང་བཞིན་གྱི་དུས་ཡུན་ཇེ་རིང་དུ་གཏོང་བའི་ཇུས་གཞི་སྤྱད་དེ། ཨ་ཧྥུའུ་ཧན་གྱི་གནས་བབ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཐོན་དགོས་པའི་ནུས་པར་བརྡར་གཅོད་གང་ལེགས་བྱེད་པའི་དུས་ཚོད་ཡོད་པར་སྟབས་བདེ་བཟོ་དགོས་པར་འདོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།