ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥེ་རི་ཁ་ནུབ་མའི་རྒྱལ་ཁབ་དཔལ་འབྱོར་ཐུན་མོང་ཚོགས་པའི་འཐུས་མི་ཀུའེ་ནེ་ཡཱ་རུ་སོང་སྟེ་སྲིད་འགྱུར་དམག་མི་དང་གྲོས་མོལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-09-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥེ་རི་ཁ་ནུབ་མའི་རྒྱལ་ཁབ་དཔལ་འབྱོར་ཐུན་མོང་ཚོགས་པའི་འཐུས་ཚབ་ཚོགས་པ་ཚེས་བཅུ་ཉིན་ཀུའེ་ནེ་ཡཱའི་རྒྱལ་ས་ཁི་ནཱ་ཁི་ལི་རུ་སོང་སྟེ། སྲིད་འགྱུར་དམག་མི་དང་བཀག་འཇུག་བྱས་པའི་ཙུང་ཐུང་ཁུང་ཏའེ་ལ་གྲོས་མོལ་བྱས། 

འཐུས་ཚབ་ཚོགས་པ་དེ་ཨ་ཧྥེ་རི་ཁ་ནུབ་མའི་རྒྱལ་ཁབ་དཔལ་འབྱོར་ཐུན་མོང་ཚོགས་པ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པུའུ་ལུའུ་ཡིས་མགོ་ཁྲིད་ཡོད་པ་དང་། ཀ་ནཱ་དང་ཏའོ་ཀི། པུ་ཁི་ནཱ་ཧྥ་སོ་བཅས་ཀྱི་ཕྱི་འབྲེལ་བློན་ཆེན་དང་། ཀུའེ་ནེ་ཡཱ་རུ་སྡོད་པའི་ནེ་ཀྲི་རི་ཡཱའི་གཞུང་ཚབ་ཆེན་མོ། ཀུའེ་ནེ་ཡཱ་རུ་སྡོད་པའི་ཨ་ཧྥེ་རི་ཁ་ནུབ་མའི་རྒྱལ་ཁབ་དཔལ་འབྱོར་ཐུན་མོང་ཚོགས་པའི་འཐུས་མི་སོགས་འདུས། 

པུའུ་ལུའུ་ཡིས་གྲོས་མོལ་བྱས་རྗེས་གསར་འགྱུར་ལས་རིགས་ཀྱི་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། འཐུས་ཚབ་ཚོགས་པ་དང་སྲིད་འགྱུར་དམག་མིའི་གྲོས་མོལ་ལ་གྲུབ་འབྲས་བཟང་བོ་ཐོབ་ཡོད་ཅིང་། ཁུང་ཏའེ་ཡི་མིག་སྔའི་གནས་ཚུལ་བཟང་། གྲོས་མོལ་གྱི་ནང་དོན་དེ་འཐུས་ཚབ་ཚོགས་པ་ཕྱིར་ལོག་རྗེས་ཨ་ཧྥེ་རི་ཁ་ནུབ་མའི་རྒྱལ་ཁབ་དཔལ་འབྱོར་ཐུན་མོང་ཚོགས་པའི་ཁོངས་གཏོགས་རྒྱལ་ཁབ་སོ་སོའི་མགོ་ཁྲིད་པར་སྙན་ཞུ་བྱེད་རྒྱུ་ཡིན་ཟེར། 

འཐུས་ཚབ་ཚོགས་པ་ཚེས་བཅུ་ཉིན་གྱི་ཕྱི་དྲོར་ཁི་ནཱ་ཁི་ལི་དང་བྲལ་བ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།