ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་ཡིས་པེ་ཞེ་གཉིས་པའི་རང་བྱུང་སོལ་རླངས་ཀྱི་སྦུག་ལམ་འཛུགས་སྐྲུན་བྱས་ཏེ་ཡོངས་འགྲུབ་བྱས་པ་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-09-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་རང་བྱུང་སོལ་རླངས་བཟོ་ལས་མ་རྐང་ཚད་ཡོད་ཀུང་ཟིས་ཚེས་བཅུ་ཉིན་གསར་འགྱུར་ལས་རིགས་བརྒྱུད་དེ་ཁྱབ་སྒྲོག་བྱས་དོན། པེ་ཞེ་གཉིས་པ་ཞེས་པའི་རང་བྱུང་སོལ་རླངས་སྦུག་ལམ་གྱི་འཛུགས་སྐྲུན་དེ་ཉིན་དེའི་སྔ་དྲོར་ཡོངས་འགྲུབ་བྱས་པ་དང་། ད་ལོའི་ལོ་མཇུག་གི་སྔོན་ལ་ལས་གཉེར་བྱེད་རྒྱུའི་འཆར་གཞི་ཡོད་པ་རེད། 

པེ་ཞེ་གཉིས་པ་ཞེས་པའི་རང་བྱུང་སོལ་རླངས་སྦུག་ལམ་དེ་ཨུ་རུ་སིའི་པའོ་ལོ་ཏིས་མཚོ་འོག་ནས་འཇར་མན་དུ་འཐེན་ཡོད་པ་དང་། ལས་གཞིའི་སྦུག་ལམ་དེ་ཡན་ལག་ལམ་ཐིག་གཉིས་ཀྱིས་གྲུབ་ཡོད་ལ། ལོ་ཧྲིལ་བོའི་སོལ་རླངས་ཕྱིར་གཏོང་ནུས་པ་རྨིད་རྒྱ་དཔངས་གྲུ་བཞི་མ་ཐེར་ཆེན་ལྔ་དང་ཐེར་འབུམ་ལྔར་བསླེབ་ཡོད། དེ་ཝུའུ་ཁི་ལན་བརྒྱུད་དེ་ཨུ་རུ་སིའི་རང་བྱུང་སོལ་རླངས་འཇར་མན་དང་ཡོ་རོབ་གླིང་གི་རྒྱལ་ཁབ་གཞན་པར་སྐྱེལ་བཞིན་ཡོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།