ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ཨུ་རུ་སིའི་འདེམ་བསྐོའི་ཐད་ནས་ཨ་མེ་རི་ཁའི་གཞུང་ཚབ་ཆེན་མོར་ཐུག་འཕྲད་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-09-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ཚེས་བཅུ་ཉིན་སྤྱི་སྒྲོག་སྤེལ་ཏེ། ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ཉིན་དེར་བསྡུ་རྒྱུ་ཡིན་པའི་གྲོས་ཁང་ཞོལ་མའི་འདེམ་བསྐོའི་ཐད་ནས་ཨུ་རུ་སིར་སྡོད་པའི་ཨ་མེ་རི་ཁའི་གཞུང་ཚབ་ཆེན་མོ་ཧྲ་ལེ་ཝུན་ལ་ཐུག་འཕྲད་བྱས། 

སྤྱི་སྒྲོག་ལས་བཤད་རྒྱུར། ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་གཞོན་པ་ལི་ཡཱ་པུའུ་ཁི་ཧྥུའུ་ཡིས་ཧྲ་ལེ་ཝུན་ལ་ཐུག་འཕྲད་བྱས་ཟེར། 

ཨུ་རུ་སིའི་ཕྱོགས་ཀྱིས་བསྟན་དོན། བདེན་དཔང་ཁུངས་བཙུན་ལ་ར་སྤྲོད་བྱུང་བ་ལྟར་ན། ཨ་མེ་རི་ཁས་ཨུ་རུ་སིའི་གྲོས་ཁང་ཞོལ་མའི་འདེམ་བསྐོའི་གྲ་སྒྲིག་དང་སྤེལ་བའི་བརྒྱུད་རིམ་ཁྲོད་ཨུ་རུ་སིའི་བཅའ་ཁྲིམས་དང་འགལ་བའི་བྱ་སྤྱོད་སྤེལ་ཡོད། ཨུ་རུ་སིའི་ཕྱོགས་ཀྱིས་དོན་དེའི་ཐད་ནས་གསལ་སྒྲོག་སྤེལ་ཏེ། ཨུ་རུ་སིའི་ནང་སྲིད་ལ་ཐེ་གཏོགས་བྱེད་པའི་བྱ་སྤྱོད་གཏན་ནས་མི་རུང་ཟེར། ཕྱོགས་གཉིས་ཀྱིས་ཐུག་འཕྲད་བྱེད་སྐབས་ད་རུང་ཕྱོགས་གཉིས་ཀྱི་འབྲེལ་བའི་ཐད་ཀྱི་གནད་དོན་གཞན་པ་རེ་འགར་གྲོས་བསྡུར་བྱས། 

ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མགྲིན་ཚབ་པ་པའོ་ཐི་ཡིས་ཚེས་བཅུ་ཉིན་རྒྱུན་ལྡན་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཧྲ་ལེ་ཝུན་གྱིས་ཉིན་དེར་ལི་ཡཱ་པུའུ་ཁི་ཧྥུའུ་དང་གྲོས་མོལ་བྱས་པ་དང་། ཕྱོགས་གཉིས་ཀྱི་གནད་དོན་རབ་དང་རིམ་པར་གྲོས་བསྡུར་བྱས་ཏེ། ཨ་མེ་རི་ཁའི་ཙུང་ཐུང་པེད་ཏིན་གྱིས་གཏན་འཇགས་དང་ཚོད་དཔག་ཐུབ་པའི་ཨ་མེ་རི་ཁ་དང་ཨུ་རུ་སིའི་འབྲེལ་བ་འཛུགས་པའི་དམིགས་འབེན་ལ་རྒྱབ་སྐྱོར་བྱས། ཨུ་རུ་སིའི་ཕྱོགས་ཀྱིས་བརྗོད་པའི་ཨ་མེ་རི་ཁའི་ཚན་རྩལ་ཀུང་ཟིས་ཨུ་རུ་སིའི་བཅའ་ཁྲིམས་དང་འགལ་བའི་བྱ་སྤྱོད་བཟོས་པའི་ཐད་ནས་པའོ་ཐི་ཡིས་དཔྱད་བརྗོད་ཅི་ཡང་བྱས་མེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།