ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལིང་གི་ཙུང་ཐུང་གིས་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱི་འཛུགས་སྐྲུན་རང་བཞིན་མ་ཡིན་པའི་བྱེད་ཐབས་ཀྱིས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མོལ་ལ་རྙོག་དྲ་བཟོ་སྲིད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-09-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་ལིང་གི་ཙུང་ཐུང་ལའེ་ཞེ་ཡིས་ཚེས་བརྒྱད་ཉིན་བསྟན་དོན། རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱི་དབྱི་ལིང་གི་ཉིང་རྡུལ་ནུས་པའི་འཆར་གཞིའི་འཛུགས་སྐྲུན་མ་ཡིན་པའི་བྱེད་ཐབས་ཀྱིས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མོལ་འཕེལ་རིམ་ལ་རྙོག་དྲག་བཟོ་སྲིད་ཟེར། 

ལའེ་ཞེ་ཡིས་ཉིན་དེར་ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་མུས་ཞེ་ཨར་ལ་ཁ་པར་གཏོང་སྐབས་བཤད་རྒྱུར། དབྱི་ལིང་དང་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱི་ནན་ཏན་གྱི་མཉམ་ལས་ལས་དབྱི་ལིང་གིས་ཉིང་རྡུལ་ནུས་པའི་བྱ་འགུལ་མངོན་གསལ་ཏུ་གཏོང་བའི་རེ་འདུན་ཡོད་པ་གསལ་བོར་མཚོན་ཡོད། རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱིས་འཛུགས་སྐྲུན་རང་བཞིན་མ་ཡིན་པའི་བྱེད་ཐབས་སྤྱད་པའི་གནས་ཚུལ་འོག དབྱི་ལིང་གིས་འཛུགས་སྐྲུན་རང་བཞིན་ལྡན་པའི་ལན་སྟེར་དགོས་པའི་རེ་བ་འདོན་པ་དེ་ལུགས་མཐུན་མིན་པ་དང་། འཛུགས་སྐྲུན་རང་བཞིན་མ་ཡིན་པའི་བྱེད་ཐབས་དེས་གྲོས་མོལ་འཕེལ་རིམ་ལ་རྙོག་དྲ་བཟོ་་སྲིད་ཟེར། 

རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱིས་ཚེས་བདུན་ཉིན་སྙན་ཞུ་སྤེལ་ཏེ། དབྱི་ལིང་གིས་བསྟུད་མར་ཉིང་རྡུལ་ནུས་པའི་འཆར་གཞིར་སྐུལ་འདེད་བཏང་སྟེ། འདུས་འདྲིལ་ཉིང་རྡུལ་གྱི་གསོག་ཚད་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་གྱི་གཏན་འཁེལ་བྱས་པའི་ཚད་ལས་བརྒལ་མེད་ཟེར། 

དབྱི་ལིང་རྒྱལ་ཁབ་བརྙན་འཕྲིན་ཁང་གིས་ཚེས་བརྒྱད་ཉིན་བསྒྲགས་པ་ལྟར་ན། ཝེ་ཡེ་ནཱ་རུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་རྩ་འཛུགས་གཞན་པའི་དབྱི་ལིང་གི་རྒྱུན་སྡོད་འཐུས་མི་ཅཱ་ལི་པཱ་པཱ་ཏིས་ཀྱིས་བཤད་རྒྱུར། རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱིས་ངེས་པར་དུ་རང་གི་སྒེར་ཚུགས་རང་བཞིན་དང་དྲང་བདེན་རང་བཞིན། ཆེད་ལས་རང་བཞིན་བཅས་སྲུང་འཛིན་བྱེད་དགོས་པ་དང་། རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཀྱིས་ངེས་པར་དུ་ཆབ་སྲིད་དམིགས་ཡུལ་ལྟར་ལས་ཁུངས་དེར་གནོན་ཤུགས་སྟེར་དགོས་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།