ཀྲུང་གོ་བོད་ཀྱི་དྲ་བ།

ཐཱ་ཅི་ཁི་སི་ཐན་གྱི་ས་ཁུལ་མང་བོར་རང་བཙན་བྱས་ནས་ལོ་ངོ་སུམ་ཅུ་འགོར་བའི་དམག་གཟིགས་མཛད་སྒོ་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-09-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཐཱ་ཅི་ཁི་སི་ཐན་གྱིས་ཚེས་བདུན་ཉིན་རྒྱལ་ཡོངས་ཀྱི་ས་ཁུལ་མང་བོར་དམག་གཟིགས་མཛད་སྒོ་རྒྱ་ཆེན་པོ་སྤེལ་ཏེ། རྒྱལ་ཁབ་རང་བཙན་བྱས་ནས་ལོ་ངོ་སུམ་ཅུ་འགོར་བར་དགའ་སྟོན་རྟེན་འབྲེལ་ཞུས། 

ཐཱ་ཅི་ཁི་སི་ཐན་གྱི་ཙུང་ཐུང་ལཱ་ཧི་མིན་གྱིས་རྒྱལ་ས་ཏུའུ་ཧྲང་པེའི་དམག་གཟིགས་མཛད་སྒོ་མགོ་རྩོམ་པའི་མཛད་སྒོའི་སྟེང་བཤད་རྒྱུར། ཉེ་བའི་ལོ་འགའི་རིང་ལ་འཇིགས་སྐུལ་རིང་ལུགས་དང་ཐལ་སྤྱོད་རིང་ལུགས། ཆོས་ལུགས་འཁྲུག་རྩོད། དུག་རྫས་དང་མཚོན་ཆའི་ཁྲིམས་འགལ་ཉོ་ཚོང་། དྲ་རྒྱའི་ནག་ཉེས། རྒྱལ་ཁོངས་བརྒལ་བའི་རྩ་འཛུགས་ཅན་གྱི་ནག་ཉེས་སོགས་ཀྱི་ཤུགས་རྐྱེན་དབང་གིས་ས་ཁུལ་དང་འཛམ་གླིང་ཡོངས་ཀྱི་བདེ་འཇགས་གནས་བབ་ལ་ཀུན་གྱིས་སེམས་ཁུར་བྱེད་བཞིན་ཡོད་ཟེར། ལཱ་ཧི་མིན་གྱིས་ཐཱ་ཅི་ཁི་སི་ཐན་གྱི་དྲག་ཆས་སྟོབས་ཤུགས་དང་ཁྲིམས་འཛིན་ལས་ཁུངས་ཀྱིས་དགོས་ངེས་ཀྱི་བྱེད་ཐབས་སྤྱོད་པ་དང་། དམག་གྲབས་རྣམ་པ་སྲུང་འཛིན་བྱས་ཏེ། མཐའ་མཚམས་བདེ་འཇགས་སྲུང་སྐྱོབ་དང་། རྒྱལ་ཁབ་དང་མི་དམངས་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་དགོས་ཟེར། 

བསྒྲགས་པ་ལྟར་ན། ཐེངས་འདིའི་ཐཱ་ཅི་ཁི་སི་ཐན་རྒྱལ་ཡོངས་སུ་བསྡོམས་པས་དཔོན་དམག་ཁྲི་གསུམ་ལྷག་དམག་གཟིགས་མཛད་སྒོར་ཞུགས་པ་དང་། མི་འབུམ་གཅིག་དང་ཁྲི་དྲུག་སྟོང་གཉིས་དམག་གཟིགས་མཛད་སྒོར་ཞུགས། བྱ་འགུལ་སྤེལ་སྐབས་འཁྲབ་ལྡན་འཁོར་ལོ་ཆེ་གྲས་དང་དམག་བཀོལ་དམིགས་བསལ་རླངས་འཁོར་སོགས་འགྲེམ་སྟོན་བྱས། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།