ཀྲུང་གོ་བོད་ཀྱི་དྲ་བ།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ཨེ་ཤ་ཡཱའི་ཤར་ལྷོའི་ས་ཁོངས་ཨུ་ཡོན་ལྷན་ཁང་གི་ཁོངས་མིས་བདེ་ཐང་མ་ལག་གི་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་རྒྱུ་ཁས་ལེན་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-09-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ཨེ་ཤ་ཡཱའི་ཤར་ལྷོའི་ས་ཁོངས་ཨུ་ཡོན་ལྷན་ཁང་གི་ཁོངས་གཏོགས་རྒྱལ་ཁབ་ཀྱི་འཕྲོད་བསྟེན་པུའུ་ཀྲང་གིས་ཚེས་བདུན་ཉིན་ཁྱབ་སྒྲོག་བྱས་དོན། བྱེད་ཐབས་སྤྱད་དེ་འཕྲོད་བསྟེན་བདེ་འཇགས་ལ་འགན་སྲུང་བྱས་ནས། པྲོག་གསར་གློ་ཚད་རིམས་ནད་རྒྱ་ཡན་དུ་འགྲོ་བའི་སྐབས་སུ་དམངས་ཡོངས་ཀྱི་བདེ་ཐང་ཁེབས་ཚད་དང་བདེ་ཐང་ཁྱབ་ཁོངས་ཀྱི་རྒྱུན་མཐུད་འཕེལ་རྒྱས་དམིགས་འབེན་མངོན་འགྱུར་བྱེད་རྒྱུ་ཁས་ལེན་བྱས། 

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ཨེ་ཤ་ཡཱའི་ཤར་ལྷོའི་ས་ཁོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དོན་བཞི་བས་ཉིན་དེར་དྲ་ཐོག་ནས་པུའུ་ཀྲང་རིམ་པའི་སྒོར་ཅོག་གྲོས་ཚོགས་བསྡུས་ཏེ་བསྒྲགས་གཏམ་ཞིག་ལ་གྲོས་འཆམ་བྱུང་། བསྒྲགས་གཏམ་ལས་བཤད་རྒྱུར། རྒྱལ་ཁབ་སོ་སོའི་འཕྲོད་བསྟེན་པུའུ་ཀྲང་གིས་མིག་སྔའི་པྲོག་གསར་གློ་ཚད་རིམས་ནད་ཀྱིས་འཕྲོད་བསྟེན་དང་སྤྱི་ཚོགས། དཔལ་འབྱོར་བཅས་ལ་ཤུགས་རྐྱེན་ངན་པ་ཐེབས་པར་སེམས་ཁུར་བྱེད་བཞིན་ཡོད་ལ། ཆབ་སྲིད་མགོ་ཁྲིད་ནུས་པ་དང་འགན་འཁྲི་རྩད་གཅོད་ལམ་ལུགས་ལ་ཤུགས་སྣོན་བྱས་ཏེ་འཕྲོད་བསྟེན་བདེ་འཇགས་ལ་འགན་སྲུང་བྱས་ནས། དམངས་ཡོངས་ཀྱི་བདེ་ཐང་ཁེབས་ཚད་དང་བདེ་འཇགས་ཁྱབ་ཁོངས་ཀྱི་རྒྱུན་མཐུད་འཕེལ་རྒྱས་དམིགས་འབེན་མངོན་འགྱུར་བྱེད་པར་བརྩོན་ལེན་བྱེད་དགོས་ཟེར། 

ཚོགས་ཡུན་ཉིན་ལྔ་ཡིན་པའི་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ཨེ་ཤ་ཡཱའི་ཤར་ལྷོའི་ས་ཁོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དོན་བཞི་བ་ཟླ་འདིའི་ཚེས་དྲུག་ཉིན་དྲ་ཐོག་ནས་སྤེལ་མགོ་བརྩམས། གྲོས་ཚོགས་དེ་ནེ་པཱ་ལཱ་ཡིས་གཙོ་སྒྲུབ་བྱས་པ་དང་། ནེ་པཱ་ལཱ་དང་བྷང་ག་ལཱ། རྒྱ་གར། སིང་ག་ལཱ། ཐེ་གོ། ཏུང་ཏིས་ཝུན་སོགས་རྒྱལ་ཁབ་ཀྱི་འཕྲོད་བསྟེན་སྡེ་ཁག་གི་དཔོན་རིགས་དང་། དེ་མིན་མཉམ་འབྲེལ་རྒྱལ་ཚོགས་ལས་ཁུངས་དང་མཉམ་ལས་གྲོགས་པོ། དམངས་ཁྲོད་ཀྱི་སྤྱི་ཚོགས་འཐུས་མི་སོགས་གྲོས་ཚོགས་ལ་ཞུགས་ཡོད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།