ཀུའེ་ནེ་ཡཱའི་དམག་ཕྱོགས་ཀྱིས་རྒྱལ་ཡོངས་མཐུན་སྒྲིལ་དང་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་ལ་རྒྱབ་སྐྱོར་བྱེད་རྒྱུ་ཁྱབ་སྒྲོག་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀུའེ་ནེ་ཡཱའི་དམག་དཔུང་གིས་རིམ་པ་སོ་སོའི་དཔོན་དམག་གིས་ཚེས་བདུན་ཉིན་སྲིད་འགྱུར་མགོ་ཁྲིད་པ་ཏོན་པུའུ་ཡཱ་དང་གྲོས་མོལ་བྱས་པ་དང་། སྲིད་འགྱུར་དམག་མི་དང་དེའི་བཙུགས་པའི་རྒྱལ་ཡོངས་མཐུན་སྒྲིལ་དང་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་ལ་རྒྱབ་སྐྱོར་བྱེད་རྒྱུ་ཁྱབ་སྒྲོག་བྱས། 

ཀུའེ་ནེ་ཡཱའི་རྒྱལ་སྲུང་པུའུ་ཡི་དཔོན་པོ་ཞིག་གིས་བཅའ་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཉིན་དེའི་གྲོས་མོལ་ནི་ཀུའེ་ནེ་ཡཱའི་རྒྱལ་ས་ཁི་ནཱ་ཁི་ལི་ཁཱ་ལུའུ་མུའུ་ས་ཁུལ་གྱི་སཱ་མའོ་ལི་ཏུའུ་ཨར་དམག་སྒར་ནས་སྤེལ། ཀུའེ་ནེ་ཡཱའི་མཁའ་དམག་གི་སྟོང་ཤོག་དང་རྒྱལ་སྲུང་པུའུ་གཞུང་སྒྲུབ་ཐིན་གྱི་ཀྲུའུ་རིན་གྱི་འགན་གཅིག་ལྕོགས་སུ་ཁུར་མཁན་ཁཱ་མཱ་ལཱ་ཡིས་གྲོས་མོལ་བྱེད་སྐབས་བསྟན་དོན། སྲིད་འགྱུར་དམག་མིར་རྒྱབ་སྐྱོར་བྱེད་པ་ནི་ཀུའེ་ནེ་ཡཱའི་རྒྱལ་ཁབ་ཁེ་ཕན་ལ་སྲུང་སྐྱོབ་དང་། ཕྱི་ཡོང་བཙན་འཛུལ་བར་དོགས་ཟོན་བྱེད་པར་བསམ་བློ་བཏང་བ་ཡིན། དམག་དཔུང་གིས་མུ་མཐུད་དུ་རྒྱལ་ཁབ་ཀྱི་ཞི་བདེ་དང་སྤྱི་ཚོགས་གཏན་འཇགས་ལ་སྲུང་སྐྱོབ་བྱེད་དགོས་པའི་རེ་བ་བཏོན། 

ཏོན་པུའུ་ཡཱ་ཡིས་བཤད་རྒྱུར། སྒྲིག་ལམ་རྙོག་འཛིང་དུ་འགྲོ་བར་སྔོན་འགོག་བྱེད་ཆེད། དམག་དཔུང་གིས་གནས་སྐབས་སུ་ངལ་གསོ་མེད་པར་གཏོང་རྒྱུ་ཡིན་པ་དང་། དཔོན་དམག་གིས་རང་རང་གི་དམག་སྒར་སྲུང་དགོས་ལ། ཉེན་རྟོག་པ་དང་དམག་མིས་ལས་གནས་བརྟན་སྲུང་བྱས་ཏེ་མང་ཚོགས་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།