ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥུ་ཀ་ན་སི་ཐན་ཐ་ལི་པན་གྱིས་གནས་སྐབས་སྲིད་གཞུང་གི་ཁོངས་མིའི་མིང་ཐོ་ཁྱབ་བསྒྲགས་བྱས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-09-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ9བའི་ཚེས7ཉིན་ཨ་ཧྥུ་ཀ་ན་སི་ཐན་ཐ་ལི་པན་གྱི་མགྲིན་ཚབ་པ་ཀྲ་པེ་ཝུའུ་ལ·མུའུ་ཅ་ཤིས་ཏེ་ཡིས་ཁ་པུའར་རུ་བསྡུས་པའི་གསར་འགྱུར་ཚོགས་འདུའི་སྟེང་། ཐ་ལི་པན་གྱིས་གནས་སྐབས་སྲིད་གཞུང་འཛུགས་རྒྱུ་མ་ཟད། གནས་སྐབས་སྲིད་གཞུང་གི་ཁོངས་མི་གཙོ་བོ་དག་གི་མིང་ཐོ་ཁྱབ་བསྒྲགས་བྱས།

པར་འདི་ནི་ཟླ9བའི་ཚེས7ཉིན་ཨ་ཧྥུ་ཀ་ན་སི་ཐན་ཐ་ལི་པན་གྱི་མགྲིན་ཚབ་པ་ཀྲ་པེ་ཝུའུ་ལ·མུའུ་ཅ་ཤིས་ཏེ་ཡིས་ཁ་པུའར་རུ་བསྡུས་པའི་གསར་འགྱུར་ཚོགས་འདུའི་སྟེང་གཏམ་བཤད་སྤེལ་བཞིན་པའི་ཚུལ་རེད།

དེའི་ཁྲོད། མུའུ་ཧན་མོ་ཏེ·ཧ་སང·ཨ་ཧུང་ཏེ་ཡིས་གནས་སྐབས་སྲིད་གཞུང་གི་ཙུང་ལི་ཚབ་མའི་འགན་འཁུར་རྒྱུ་དང་ཨ་པུའུ་ཏུའུ་ལེ·ཅ་ཉི·པ་ལ་ཏར་དང་ཨ་པུའུ་ཏུའུ་ལེ·སཱ་ལ་མུའུ·ཧ་ན་ཧྥེ་གཉིས་ཀྱིས་གནས་སྐབས་སྲིད་གཞུང་གི་ཙུང་ལི་གཞོན་པ་ཚབ་མའི་འགན་འཁུར་རྒྱུ། ཤིས་ལ་ཅེ་ཏིང་·ཧ་ཁ་ཉི་ཡིས་ནང་སྲིད་པུའུ་ཀྲང་ཚབ་མིའི་འགན་འཁུར་རྒྱུ། མུའུ་ཧན་མོ་ཏེ·ཡ་ཀེ་པུ་ཡིས་རྒྱལ་སྲུང་པུའུ་ཀྲང་ཚབ་མའི་འགན་འཁུར་རྒྱུ། ཨ་སྨིའར·ཧན་·མུའུ་ཐ་ཅི་ཡིས་ཕྱི་འབྲེལ་པུའུ་ཀྲང་ཚབ་མའི་འགན་འཁུར་རྒྱུ་རེད། །

པར་འདི་ནི་ཟླ9བའི་ཚེས7ཉིན་ཨ་ཧྥུ་ཀ་ན་སི་ཐན་ཐ་ལི་པན་གྱི་མགྲིན་ཚབ་པ་ཀྲ་པེ་ཝུའུ་ལ·མུའུ་ཅ་ཤིས་ཏེ་ཡིས་ཁ་པུའར་རུ་བསྡུས་པའི་གསར་འགྱུར་ཚོགས་འདུའི་སྟེང་གཏམ་བཤད་སྤེལ་བཞིན་པའི་ཚུལ་རེད།

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།