ཝང་དབྱི་ཡིས་ཡོ་ནན་དང་ཁམ་ཕུ་ཁྲེ། སིང་ཀ་ཕོར། ཧན་གོ་བཅས་ལ་འཚམས་འདྲི་གནང་རྒྱུ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས7ཉིན་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཝང་ཝུན་པིན་གྱིས་བསྒྲགས་དོན། ཡོ་ནན་གྱི་རྒྱུན་ལས་ཙུང་ལི་གཞོན་པ་ཧྥན་ཕིང་མིང་དང་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་ཧྥེ་ཆིང་ཧྲན། ཁམ་ཕུ་ཁྲེའི་དབུ་བཞུགས་བློན་ཆེན་གཞོན་པའམ་ཕྱི་འབྲེལ་དང་རྒྱལ་སྤྱིའི་མཉམ་ལས་པུའུ་ཡི་བློན་ཆེན་པུའུ་ལ་སུའོ་ཁུན། སིང་ཀ་ཕོར་གྱི་ཕྱི་འབྲེལ་པུའུ་ཀྲང་ཝེ་ཝུན། ཧན་གོའི་ཕྱི་འབྲེལ་པུའུ་ཀྲང་ཀྲེང་དབྱི་རུང་བཅས་ཀྱིས་གདན་ཞུ་ལྟར། རྒྱལ་སྲིད་ཨུ་ཡོན་ནམ་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་ཝང་དབྱི་ཟླ9པའི་ཚེས10ནས་ཚེས15ཉིན་བར་ཡོ་ནན་དང་ཁམ་ཕུ་ཁྲེ། སིང་ཀ་ཕོར། ཧན་གོ་བཅས་ལ་དངོས་སུ་འཚམས་འདྲི་གནང་རྒྱུ་མ་ཟད། ཡོ་ནན་གྱི་རྒྱུན་ལས་ཙུང་ལི་གཞོན་པ་ཧྥན་ཕིང་མིང་དང་མཉམ་དུ་ཀྲུང་གོ་དང་ཡོ་ནན་ཕྱོགས་གཉིས་ཀྱི་མཉམ་ལས་ཁྲིད་སྟོན་ཨུ་ཡོན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་བཅུ་གསུམ་པར་གཙོ་སྐྱོང་གནང་རྒྱུ་རེད། །

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།