ཀྲུང་གོ་བོད་ཀྱི་དྲ་བ།

​ཨ་ཧྥུ་ཀ་ན་སི་ཐན་ཐ་ལི་པན་གྱིས་ཨ་ཧྥུ་ཀ་ན་སི་ཐན་གྱི་གནས་སྐབས་སྲིད་གཞུང“མ་འོངས་པའི་ཉིན་ཁ་ཤས་ནང”འཛུགས་རྒྱུ་ཡིན་པའི་བསམ་པ་བསྟན།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-09-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ9བའི་ཚེས6ཉིན་ཨ་ཧྥུ་ཀ་ན་སི་ཐན་ཐ་ལི་པན་གྱི་མགྲིན་ཚབ་པ་ཀྲ་པེ་ཝུའུ་ལ·མུའུ་ཅ་ཤིས་ཏེ་ཡིས་ཨ་ཧྥུ་ཀ་ན་སི་ཐན་གྱི་གནས་སྐབས་སྲིད་གཞུང“མ་འོངས་པའི་ཉིན་ཁ་ཤས་ནང”འཛུགས་རྒྱུ་ཡིན་ཞེས་བཤད།

པར་འདི་ནི་ཟླ9བའི་ཚེས6ཉིན་ཨ་ཧྥུ་ཀ་ན་སི་ཐན་ཐ་ལི་པན་གྱི་མགྲིན་ཚབ་པ་ཀྲ་པེ་ཝུའུ་ལ·མུའུ་ཅ་ཤིས་ཏེ་ཡིས་ཁ་པུའར་རུ་གསར་འགོད་པའི་ཚོགས་འདུ་བསྡུས་པའི་རྣམ་པ་རེད།

མུའུ་ཅ་ཤིས་ཏེ་ཡིས་ཉིན་དེའི་གསར་འགོད་ཚོགས་འདུའི་སྟེང་། ཐ་ལི་པན་གྱིས་མ་འོངས་པའི་ཉིན་ཤས་ནང་སྲིད་གཞུང་གསར་བ་འཛུགས་རྒྱུ་དང་། སྲིད་གཞུང་གསར་བ་དེ“གནས་སྐབས་སྲིད་གཞུང”གི་རྣམ་པར་འཛུགས་རྒྱུ་ཡིན་ལ། འབྲེལ་ཡོད་ཞིབ་ཆ་མི་འགྱང་བར་སྤྱི་བསྒྲགས་བྱེད་པའི་བསམ་པ་བསྟན

མུའུ་ཅ་ཤིས་ཏེ་ཡིས། གནས་སྐབས་སྲིད་གཞུང་འཛུགས་པ་འདིས་མ་འོངས་བར་སྲིད་གཞུང་སྒྲོམ་གཞི་བཅོས་སྒྱུར་བྱེད་པར་སྟབས་བདེ་བསྐྲུན་ཆེད་ཡིན་ལ། སྲིད་གཞུང་གསར་བ་འདི་ལ་ཁོང་ཡངས་རང་བཞིན་ལྡན་སྟབས་དེ་སྔོན་སྲིད་གཞུང་གི་དམག་དོན་མི་སྣ་རྣམས་བདེ་འཇགས་སྡེ་ཁག་གསར་བའི་ནང་ཞུགས་པར་གདན་འདྲེན་ཞུ་རྒྱུ་ཡིན་ཞེས་བཤད།

མུའུ་ཅ་ཤིས་ཏེ་ཡིས་བཤད་རྒྱུར། ཨ་ཧྥུ་ཀ་ན་སི་ཐན་གྱི་དམག་འཁྲུག་མཇུག་སྒྲིལ་བ་ཡིན་པས་རྒྱལ་ཁབ་འདི་ཉིད་བརྟན་བརླིང་གི་རྒྱལ་ཁབ་ཞིག་ཏུ་བསྒྱུར་བར་རེ་བ་ཡོད་ལ།  ཨ་ཧྥུ་ཀ་ན་སི་ཐན་འཛུགས་སྐྲུན་དང་འཕེལ་རྒྱས་སུ་གཏོང་རྒྱུ་ནི་ཨ་ཧྥུ་ཀ་ན་སི་ཐན་མི་དམངས་ཀྱི་ལས་འགན་ཡིན་པས་བཙན་འཛུལ་བས་ནམ་ཡང་ཨ་ཧྥུ་ཀ་ན་སི་ཐན་འཛུགས་སྐྲུན་བྱེད་མི་དགོས།

པར་འདི་ནི་ཟླ9བའི་ཚེས6ཉིན་ཨ་ཧྥུ་ཀ་ན་སི་ཐན་ཐ་ལི་པན་གྱི་མགྲིན་ཚབ་པ་ཀྲ་པེ་ཝུའུ་ལ·མུའུ་ཅ་ཤིས་ཏེ་ཡིས་ཁ་པུའར་རུ་གསར་འགོད་པའི་ཚོགས་འདུ་བསྡུས་པའི་རྣམ་པ་རེད།

མུའུ་ཅ་ཤིས་ཏེ་ཡིས། ཐ་ལི་པན་གྱིས་ཁྱིམ་མཚེས་རྒྱལ་ཁབ་ཀྱི་འཕེལ་རྒྱས་བརྟན་ཆགས་ཀྱི་འབྲེལ་བ་དང་ཁྱིམ་མཚེས་རྒྱལ་ཁབ་ཀྱི་རོགས་རམ་འོག་ཨ་ཧྥུ་ཀ་ན་སི་ཐན་བསྐྱར་སྐྲུན་དང་འཕེལ་རྒྱས་སུ་གཏོང་བར་རེ་བ་ཡོད་ཅེས་བསྟན།

ཁོང་གིས་ད་དུང་ཁ་ཐར་དང་ཐུར་ཁེ། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་བཅས་ནས་ཡོང་བའི་ལག་རྩལ་ཚོགས་པས་ཨ་ཧྥུ་ཀ་ན་སི་ཐན་གྱི་རྒྱལ་ས་ཁ་པུའར་གནམ་གྲུ་ཐང་གཉེར་སྐྱོང་སླར་གསོ་བྱེད་རོགས་བྱས་པས་གནམ་གྲུ་ཐང་དེ་མི་འགྱང་བར་གཉེར་སྐྱོང་སླར་གསོ་འབྱུང་ཐུབ་ཅེས་བཤད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།