དབྱི་སི་རལ་གྱི་ཙུང་ཐུང་དང་ཅོར་ཏན་གྱི་རྒྱལ་བོས་གྲོས་མོལ་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་སི་རལ་ཙུང་ཐུང་བཞུགས་ཤག་གིས་ཚེས་བཞི་ཉིན་གསལ་སྒྲོག་སྤེལ་ཏེ། ཅོར་ཏན་རྒྱལ་ཁབ་ཀྱི་རྒྱལ་བོ་ཨ་པུའུ་ཏུའུ་ལཱ་སྐུ་ཕྲེང་གཉིས་པའི་གདན་དྲངས་པ་ལྟར། དབྱི་སི་རལ་གྱི་ཙུང་ཐུང་ཧི་ཨར་ཙོ་ཀི་ཡིས་གཟའ་འཁོར་སྔོན་མར་ཨ་པུའུ་ཏུའུ་ལཱ་སྐུ་ཕྲེང་གཉིས་པ་དང་མཉམ་དུ་ཅོར་ཏན་གྱི་རྒྱལ་ས་ཨན་མན་ནས་གྲོས་མོལ་བྱས། ཕྱོགས་གཉིས་ཀྱིས་ཕན་ཚུན་བར་གྱི་འབྲེལ་བ་དང་ས་ཁུལ་རིམ་པའི་འཐབ་ཇུས་རང་བཞིན་གྱི་གནད་དོན་ལ་གྲོས་བསྡུར་བྱས། 

ཧི་ཨར་ཙོ་ཀི་ཡིས་གསལ་སྒྲོག་ནང་བསྟན་དོན། ཕྱོགས་གཉིས་གྲོས་མོལ་དེ་རྒྱལ་ཁབ་གཉིས་ཀྱི་གྲོས་གཞི་གལ་ཆེན་ལ་འབྲེལ་བ་ཡོད། དེའི་ནང་ཞིང་ཞོར་ཐོན་རྫས་ཀྱི་ཕྱིར་གཏོང་བ་དང་། ནུས་ཁུངས། ནམ་ཟླའི་འགྱུར་ལྡོག་གི་ཐག་གཅོད་སོགས་གནད་དོན་འདུས་ཟེར། གསལ་སྒྲོག་ལས་གྲོས་མོལ་གྱི་བྱེ་བྲག་གི་དུས་ཚོད་བསྒྲགས་མེད། 

ཁོས་བཤད་རྒྱུར། ཅོར་ཏན་ནི་རྒྱལ་ཁབ་གལ་ཆེན་ཞིག་ཡིན་པ་དང་། ཨ་པུའུ་ཏུའུ་ལཱ་སྐུ་ཕྲེང་གཉིས་པས་ས་ཁུལ་གྱི་ལས་དོན་ཁྲོད་ནུས་པ་ཆེན་པོ་ཐོན་ཡོད་ཟེར། ཧི་ཨར་ཙོ་ཀི་ཡིས་ད་རུང་བསྟན་དོན། ཁོས་ས་ཁུལ་གྱི་རྒྱལ་ཁབ་གཞན་པའི་མགོ་ཁྲིད་པར་གྲོས་མོལ་དང་ཐུག་འཕྲད་བྱེད་པར་རེ་སྒུག་བྱས་ཡོད་ལ། རྒྱལ་ཁབ་གཞན་པའི་བར་དབྱི་སི་རལ་གྱི་འཐབ་ཇུས་དང་ཕྱི་འབྲེལ་ཁེ་ཕན་ཐད་ནས་གྲོས་མོལ་བྱེད་པར་གལ་འགངས་ཧ་ཅང་ཆེ་ཟེར། 

ཧི་ཨར་ཙོ་ཀི་ཡིས་ད་ལོའི་ཟླ་བདུན་པར་དམ་བཅའ་བཞག་སྟེ་དབྱི་སི་རལ་གྱི་སྐབས་བཅུ་གཅིག་པའི་ཙུང་ཐུང་གི་འགན་ཁུར་བ་རེད། དེ་ནི་ཁོའི་འགན་ཁུར་བའི་ཚུན་ལ་ཐོག་དང་པོར་ཨ་པུའུ་ཏུའུ་ལཱ་སྐུ་ཕྲེང་གཉིས་པར་གྲས་མོལ་བྱས་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།