ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལིང་ཙུང་ཐུང་གིས་གནོན་ཤུགས་དང་འཇིགས་སྐུལ་འོག་གྲོས་མོལ་སྤེལ་བ་ནི་དང་ལེན་བྱེད་མི་ཐུབ་པ་ཞིག་ཡིན་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-09-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ལིང་གི་ཙུང་ཐུང་ལའེ་ཞེ་ཡིས་ཚེས་བཞི་ཉིན་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གླེང་སྐབས་བསྟན་དོན། གྲོས་མོལ་ནི་ཕྱི་འབྲེལ་གྱི་གདམ་གསེས་ཤིག་ཡིན་ཀྱང་། གནོན་ཤུགས་དང་འཇིགས་སྐུལ་འོག་གྲོས་མོལ་སྤེལ་བ་དེ་གཏན་ནས་དང་ལེན་བྱེད་ཐབས་མེད་ཟེར། 

དབྱི་ལིང་གཞུང་ཕྱོགས་ཀྱིས་བསྒྲགས་པ་ལྟར་ན། ལའེ་ཞེ་ཡིས་ཚེས་བཞི་ཉིན་གྱི་དགོང་མོར་ཐོག་དང་པོར་མང་ཚོགས་ལ་ཁ་ཕྱོགས་པའི་བརྙན་འཕྲིན་ཐད་གཏོང་གི་བཅར་འདྲིའི་ཁྲོད་བཤད་རྒྱུར། དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མོལ་དེ་དབྱི་ལིང་གི་སྲིད་གཞུང་གསར་བའི་ཉིན་རིམ་ནང་བཞག་ཡོད་ཀྱང་། གྲོས་མོལ་དེར་ངེས་པར་དུ་ཕན་ནུས་ཐོབ་པར་བྱེད་དགོས། གཙོ་གནད་ནི་དབྱི་ལིང་མི་དམངས་ཀྱི་ཁེ་ཕན་ལ་འགན་སྲུང་དང་ཨ་མེ་རི་ཁས་དབྱི་ལིང་གི་བཀག་སྡོམ་ཚང་མ་མེད་པར་གཏོང་དགོས། གནད་དོན་དེའི་ཐད་ནས་དབྱི་ལིང་གིས་ཀུ་ཡངས་གཏན་ནས་གཏོང་མི་སྲིད་ཟེར། 

ཨ་ཧྥུའུ་ཧན་གྱི་གནས་བབ་ཐད་ནས་ལའེ་ཞེ་ཡིས་བཤད་རྒྱུར། ཨ་ཧྥུའུ་ཧན་གྱི་གནད་དོན་ལས་ཨ་མེ་རི་ཁ་བས་ས་གནས་གང་རུང་ངུ་དམག་དཔུང་བཀོད་སྒྲིག་བྱས་ཚེ། བདེ་འཇགས་བསྐྲུན་མི་ཐུབ་པའི་ཁར་བདེ་འཇགས་ལ་གཏོར་བརླག་ཐེབས་སྲིད་པ་བདེན་དཔང་བྱེད་ཐུབ་ཟེར། ཁོས་ད་རུང་བསྟན་དོན། ཁྱིམ་མཚེས་རྒྱལ་ཁབ་བར་མཉམ་འབྲེལ་བྱེད་པ་ནི་དབྱི་ལིང་གི་སྲིད་གཞུང་གསར་བའི་བྱ་བ་གཙོ་བོ་ཡིན་པ་དང་། དབྱི་ལིང་དུ་མ་དངུལ་གཏོང་བའི་ཆ་རྐྱེན་འཐུས་ཚང་དུ་གྱུར་ཡོད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།