ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་སི་རལ་གྱིས་སི་རི་ཡཱའི་རྒྱལ་སའི་ཉེ་འཁོར་ས་ཁུལ་དུ་བར་སྣང་འཇབ་རྒོལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-09-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སི་རི་ཡཱའི་དམག་ཕྱོགས་ཀྱིས་ཚེས་གསུམ་ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱིས་ཉིན་དེའི་ཞོགས་པར་སི་རི་ཡཱའི་ཏཱ་མཱ་ཧྲི་ཀིའི་ཉེ་འཁོར་ས་ཁུལ་དུ་བར་སྣང་འཇབ་རྒོལ་བྱས་ཀྱང་། མི་སྣར་ཤི་རྨས་བཟོས་མེད་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། ས་དེའི་ཞོགས་པའི་དུས་ཚོད་གཅིག་དང་སྐར་མ་ཉེར་དྲུག་སྟེང་། དབྱི་སི་རལ་གྱིས་ཏཱ་མཱ་ཧྲི་ཀིའི་ཉེ་འཁོར་གྱི་ས་གནས་སྐོར་ཞིག་ལ་འཕུར་མདའི་འཇབ་རྒོལ་བྱས། སི་རི་ཡཱའི་མཁའ་སྲུང་མ་ལག་བཀོལ་ནས་བཀག་འགོག་བྱས་ཏེ་འཕུར་མདའ་མང་བོ་གཏོར། འཇབ་རྒོལ་དེ་ལས་སྒྲིག་ཆས་སོགས་ལ་གཏོར་བརླག་ཅུང་ཙམ་ཐེབས་ཡོད་ཟེར། གསལ་སྒྲོག་ལས་འཇབ་རྒོལ་ཐེབས་སའི་བྱེ་བྲག་གནས་ཞིབ་ཏུ་བརྗོད་མེད། 

འཇབ་རྒོལ་བྱུང་སྐབས། གསར་འགོད་པས་ཏཱ་མཱ་ཧྲི་ཀིའི་གྲོང་ཁུལ་དུ་སི་རི་ཡཱའི་མཁའ་སྲུང་འཕུར་མདས་བར་སྣང་ནས་འོད་དུ་འཚེར་བའི་དམིགས་འབེན་རྗེས་འདེད་བྱེད་པ་མཐོང་ཐུབ་པ་དང་། དེའི་རྗེས་སུ་འགས་གཏོར་གྱི་སྒྲ་ཆེན་པོ་ཐོས་ཐུབ་ཟེར། 

གཞན་ཡང་སྤྱི་ཁྱབ་པུའུ་དབྱིན་ཇི་རུ་ཡོད་པའི་སི་རི་ཡཱའི་འགྲོ་མིའི་ཐོབ་ཐང་ལྟ་ཞིབ་ཚན་ཆུང་གིས་བསྒྲགས་པ་ལྟར་ན། ཐེངས་འདིའི་བར་སྣང་འཇབ་རྒོལ་ནི་ཏཱ་མཱ་ཧྲི་ཀིའི་དམག་དོན་དམིགས་འབེན་ལ་དམིགས་པ་རེད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།