ཀྲུང་གོ་བོད་ཀྱི་དྲ་བ།

ཨར་པཱ་ནི་ཡཱའི་ཙུང་ལི་ཡིས་ནེ་ཀི་གསར་བའི་མིང་ཐོ་ཁྱབ་བསྒྲགས་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-09-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨར་པཱ་ནི་ཡཱའི་ཙུང་ལི་ལཱ་མཱ་ཡིས་ཚེས་གཉིས་ཉིན་སྲིད་འཛིན་པའི་ཨར་པཱ་ནི་ཡཱའི་སྤྱི་ཚོགས་ཏང་གི་ཚོགས་ཆེན་སྟེང་སྐབས་གསར་བའི་ནེ་ཀིའི་ཁོངས་མིའི་མིང་ཐོ་ཁྱབ་བསྒྲགས་བྱས། ནེ་ཀི་གསར་བ་དེ་ཁོངས་མི་བཅུ་དྲུག་གིས་གྲུབ་ཡོད་པ་དང་། དེའི་ནང་བུད་མེད་བཅུ་གཉིས་ཡོད། 

ནེ་ཀི་གསར་བའི་ཁོངས་མིའི་མིང་ཐོ་ལྟར་ན། སྐབས་སྔོན་མའི་ནེ་ཀིའི་ཁྲོད་ཀྱི་པུའུ་ཀྲང་བརྒྱད་སོར་འཇོག་བྱས་ཡོད་པ་དང་། དེའི་ནང་ཡོ་རོབ་གླིང་དང་ཕྱི་ཕྱོགས་ལས་དོན་པུའུ་ཀྲང་ཨོ་ཨར་ཐཱ་ཀྲ་ཁཱ་དང་། ནང་སྲིད་པུའུ་ཀྲང་པུའུ་ལའེ་ཏིས་ཁྲུའུ་ཆི། རྒྱལ་སྲུང་པུའུ་ཀྲང་ནེ་ཁི་ཕའེ་ལའེ་ཞི་སོགས་འདུས། 

སྔོན་ཆད་ཀྱི་དཔལ་འབྱོར་པུའུ་ཀྲང་ཨ་ཨར་པིན་ཨ་ཧི་མཱེ་ཐཱ་དབྱེ་ཡིས་ཙུང་ལི་གཞོན་པའི་འགན་ཁུར་རྒྱུ་ཡིན་པ་དང་། སྔོན་ཆད་ཀྱི་གྲོས་ཁང་བཅའ་ཁྲིམས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཝུའུ་ཨར་ཞི་མཱ་ནེ་ཡཱ་ཡིས་ཁྲིམས་འཛིན་པུའུ་ཀྲང་གི་འགན་ཁུར་རྒྱུ་རེད། ནེ་ཀི་གསར་བའི་ཁྲོད་དུ་པུའུ་ཀྲང་གསར་བ་གསུམ་དང་རྒྱལ་སྲིད་པུའུ་ཀྲང་གསར་བ་གསུམ་ཡོད། 

སྐབས་གསར་བའི་ནེ་ཀིའི་ཁོངས་མིའི་མིང་ཐོར་གྲོས་ཁང་གི་ཆོག་མཆན་ཐོབ་དགོས། ཨར་པཱ་ནི་ཡཱའི་སྤྱི་ཚོགས་ཏང་ལ་ད་ལོའི་ཟླ་བཞི་བའི་ཚེས་ཉེར་ལྔ་ཉིན་སྤེལ་བའི་གྲོས་ཁང་འདེམ་བསྐོའི་ཁྲོད་རྒྱལ་ཁ་ཐོབ་པ་དང་། གྲོས་ཁང་གི་ལས་གནས་བརྒྱ་དང་བཞི་བཅུའི་ཁྲོད་ཀྱི་ལས་གནས་དོན་བཞི་ཐོབ་ནས། ཁེར་རྐྱང་དུ་ནེ་ཀི་རྩ་འཛུགས་བྱེད་པའི་དབང་ཆ་ཐོབ་པ་རེད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།