ཀྲུང་གོ་བོད་ཀྱི་དྲ་བ།

ནེ་ཀྲི་རི་ཡཱའི་ནུབ་བྱང་ཕྱོགས་ཀྱི་སློབ་འབྲིང་ཞིག་གི་སློབ་མ་དོན་གསུམ་བཙན་ཁྲིད་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-09-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ནེ་ཀྲི་རི་ཡཱའི་ནུབ་བྱང་ཕྱོགས་ཀྱི་ཀྲ་མུའུ་ཧྥ་ལཱ་མངའ་སྡེའི་སློབ་འབྲིང་ཞིག་ཏུ་ཟླ་དགུ་བའི་ཚེས་གཅིག་ཉིན་ཐོབ་ཐང་གསལ་བོར་མི་ཤེས་པའི་དྲག་ཆས་ཉེས་ཅན་གྱི་འཇབ་རྒོལ་བྱས་ཏེ། སློབ་མ་དོན་གསུམ་བཙན་ཁྲིད་བྱས་པ་རེད། 

ཀྲ་མུའུ་ཧྥ་ལཱ་མངའ་སྡེའི་ཉེན་རྟོག་ཕྱོགས་ཀྱི་མགྲིན་ཚབ་པ་ཞེ་ཧུའུ་ཡིས་ཚེས་གཅིག་ཉིན་གསལ་སྒྲོག་ཅིག་ལས་བཤད་རྒྱུར། དྲག་ཆས་ཉེས་ཅན་སྐོར་ཞིག་ཉིན་དེའི་སྔ་དྲོར་མངའ་སྡེ་དེའི་མཱ་ལཱ་ཏུང་ས་ཁུལ་གྱི་ཁཱ་ཡཱ་སྡེ་བའི་སློབ་འབྲིང་ཞིག་ཏུ་འཇབ་རྒོལ་བྱས་པ་དང་། སློབ་མ་དོན་གསུམ་བཙན་ཁྲིད་བྱས། ཉེན་རྟོག་ཕྱོགས་ཀྱིས་དམག་དཔུང་དང་མཉམ་འབྲེལ་བྱས་ཏེ་བཙན་ཁྲིད་བྱས་པའི་སློབ་མ་སྐྱོབ་པར་བརྩོན་བཞིན་ཡོད་ལ། དྲག་ཆས་ཉེས་ཅན་རྗེས་འདེད་བྱེད་བཞིན་ཡོད། བདེ་འཇགས་སྡེ་ཁག་གིས་ཁཱ་ཡཱ་སྡེ་བ་དང་དེའི་ཉེ་འཁོར་ས་ཁུལ་ནས་བདེ་སྲུང་སྟོབས་ཤུགས་ལ་ཤུགས་སྣོན་བྱས་ཏེ། འཇབ་རྒོལ་དོན་རྐྱེན་དེ་འདྲ་ཡང་བསྐྱར་འབྱུང་བར་སྔོན་འགོག་བྱས། 

ཀྲ་མུའུ་ཧྥ་ལཱ་མངའ་སྡེའི་ཉེན་རྟོག་ཅུའུ་ཀྲང་ཨེ་ཨར་ཁཱ་ནཱ་ཡིས་ཉིན་དེར་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། འཇབ་རྒོལ་དོན་རྐྱེན་དེ་བྱུང་རྗེས། མངའ་སྡེའི་སྲིད་གཞུང་གིས་བཀའ་རྒྱ་བཏང་སྟེ། མངའ་སྡེ་དེའི་སློབ་ཆུང་དང་སློབ་འབྲིང་ཚང་མའི་སྒོ་བརྒྱག་ཏུ་བཅུག་པ་དང་། འཇབ་རྒོལ་གྱི་ཉེན་ཁ་ཆེ་བའི་ས་ཁུལ་བཅུ་གསུམ་ནས་མཚན་མགྲོན་བཀག་ཡོད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།