ཀྲུང་གོ་བོད་ཀྱི་དྲ་བ།

ལེ་པ་ནོན་ལ་ཞི་བདེ་སྲུང་སྐྱོང་བྱེད་དུ་འགྲོ་བའི་ཀྲུང་གོའི་སྐོར20པའི་འཛུགས་སྐྲུན་བཟོ་དམག་གི་ཡན་ལག་རུ་ཁག་གིས་འཕྲལ་སྡོམ་འགོག་སྲུང་གི་འཁྲབ་སྦྱོང་རྩ་འཛུགས་བྱས།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-09-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལེ་པ་ནོན་ལ་ཞི་བདེ་སྲུང་སྐྱོང་བྱེད་དུ་འགྲོ་བའི་ཀྲུང་གོའི་སྐོར20པའི་འཛུགས་སྐྲུན་བཟོ་དམག་གི་ཡན་ལག་རུ་ཁག་ཟླ8པའི་ཚེས31ཉིན་ཁྱོན་ཡོངས་ནས་འཕྲལ་སྡོམ་འགོག་སྲུང་གི་འཁྲབ་སྦྱོང་རྩ་འཛུགས་བྱས་ཤིང་། ཐོལ་བྱུང་དོན་རྐྱེན་ཐག་གཅོད་བྱེད་པའི་ནུས་པ་ཕྱོགས་ཡོངས་ནས་ཞིབ་དཔྱད་བྱས།

ཉིན་དེའི་འཁྲབ་སྦྱོང་ནི་ལད་ཟློས་འཇབ་རྒོལ་གྱི་རྣམ་པས་འཁྲབ་སྦྱོང་བྱས། འཁྲབ་སྦྱོང་ཁྲོད་བཀོད་འདོམས་པས་བློ་ཐག་ཆོད་པ་དང་ཐག་གཅོད་ཀྱི་ནུས་ཤུགས་སྣ་ཚོགས་གཞོགས་འདེགས་དམ་ཟབ་བྱས་པས་སྔོན་དཔག་གི་ཕན་འབྲས་མངོན་ཐུབ་པ་བྱུང་། ཡན་ལག་རུ་ཁག་གི་མགོ་གཙོ་ཝང་མིན་གྱིས་བསྟན་དོན། མིག་སྔར་འགན་འཁྲིའི་ས་ཁུལ་གྱི་བདེ་འཇགས་གནས་བབ་སྤྱིའི་ཆ་ནས་ཚོད་འཛིན་བྱས་ཡོད་ནའང་། བདེ་འཇགས་འགོག་སྲུང་གི་བྱ་བ་དེ་སྐད་གཅིག་ཙམ་ལའང་ལྷོད་མི་རུང་། ང་ཚོས་དུས་དང་རྣམ་པ་ཀུན་ཏུ་དམག་འཁྲུག་ལ་གྲ་སྒྲིག་བྱེད་པའི་རྣམ་པ་རྒྱུན་འཁྱོངས་དང་གནད་དོན་ཅི་ཞིག་འཕྲད་ཀྱང་སྐབས་ཐོག་ཏུ་ཕན་ཡོད་ཀྱི་བྱེད་ཐབས་བཀོལ་ནས་ཐོག་གཅོད་བྱ་རྒྱུ་འགན་སྲུང་ཁག་ཐེག་བྱས་ཏེ་ཞི་བདེ་སྲུང་སྐྱོང་གི་ལས་འགན་ཡོངས་འགྲུབ་བྱ་དགོས།

རྒྱུས་ལོན་ལྟར་ན། ལེ་པ་ནོན་ལ་ཞི་བདེ་སྲུང་སྐྱོང་བྱེད་དུ་འགྲོ་བའི་ཀྲུང་གོའི་རབས20པའི་འཛུགས་སྐྲུན་བཟོ་དམག་གི་ཡན་ལག་རུ་ཁག་ཁྱོན་ཡོངས་ནས་འགན་འཁྲི་ས་ཁུལ་དུ་བཀོད་སྒྲིག་བྱས་པའི་རིང་། འཕྲལ་སྡོམ་སྔོན་ཇུས་སྣ་ཚོགས་འཐུས་སྒོ་ཇེ་ཚང་དུ་བཏང་བ་མ་ཟད། རྒྱུན་རྣམ་ཅན་གྱི་འགོག་སྲུང་འཁྲབ་སྦྱོང་རྩ་འཛུགས་བྱས་སྟབས་ཡན་ལག་རུ་ཁག་གིས་བདེ་འཇགས་འཇིགས་སྐུལ་ལ་ཁ་གཏད་གཅོད་པ་དང་ཐོལ་བྱུང་གི་གནས་ཚུལ་ཐག་གཅོད་བྱེད་པའི་ནུས་པ་མཐོར་འདེགས་སུ་བཏང་ཡོད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།