ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་ཕྱོགས་ཀྱིས་མཉམའབྲེལ་རྒྱལ་ཚོགས་གསར་སྤེལ་འཆར་འགོད་ཧྲུའུ་དང་མཉམ་དུ་འཐབ་ཇུས་འཆར་འགོད་གསར་བའི་སྤྱི་ཁོག་ནང་དུ་མཉམ་ལས་བཟང་བོ་བྱེད་འདོད་ཡོད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-09-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།   མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་བྱས་པའི་ཀྲུང་གོའི་འཐུས་ཚབ་ཚོགས་པའི་གནས་སྐབས་ལས་ཚབ་པ་དེད་པེན་གྱིས་ཟླ་བརྒྱད་པའི་ཚེས་སུམ་ཅུ་ཉིན་མཉམ་འབྲེལ་རྒྱལ་ཚོགས་གསར་སྤེལ་འཆར་འགོད་ཧྲུའུ་དང་མཉམ་འབྲེལ་རྒྱལ་ཚོགས་མི་གྲངས་ཐེབས་རྩ། མཉམ་འབྲེལ་རྒྱལ་ཚོགས་ལས་གཞི་ལས་དོན་ཐིན་ལག་བསྟར་ཅུའུ་བཅས་ཀྱི་ཉིས་སྟོང་ཉེར་གཅིག་ལོའི་རྒྱུན་ལས་གྲོས་ཚོགས་སྐབས་གཉིས་པའི་སྟེང་གསར་སྤེལ་འཆར་འགོད་ཧྲུའུ་ཡི་མགོ་གཙོ་ཧྲི་ཐེ་ནའི་གཏམ་བཤད་ལ་དམིགས་ནས་གཏམ་བཤད་དེ། ཀྲུང་གོ་ཕྱོགས་ཀྱིས་གསར་སྤེལ་འཆར་འགོད་ཧྲུའུ་དང་མཉམ་དུ་འཐབ་ཇུས་འཆར་འགོད་གསར་བའི་སྤྱི་ཁོག་ནང་དུ་མཉམ་ལས་བཟང་བོ་བྱེད་འདོད་ཡོད་པའི་ཚུལ་བསྟན།

དེད་པེན་གྱིས་བཤད་དོན། ཀྲུང་གོ་ཕྱོགས་ཀྱིས་གསར་སྤེལ་འཆར་འགོད་ཧྲུའུ་ཡིས་ཧྲི་ཐེ་ནའི་མགོ་ཁྲིད་འོག་ཉིས་སྟོང་ཉེར་གཉིས་ལོ་ནས་ཉིས་སྟོང་ཉེར་ལྔ་ལོའི་འཐབ་ཇུས་འཆར་འགོད་བཟོ་བར་ཕྱོགས་སོ་སོའི་བསམ་འཆར་ལ་ནན་ཏན་སྒོས་ཉན་པར་གཟེངས་བསྟོད་བྱས། འཐབ་ཇུས་འཆར་འགོད་གསར་བར་བཀོལ་སྤྱོད་རང་བཞིན་ངེས་ཅན་ཞིག་ལྡན་པས། གསར་སྤེལ་འཆར་འགོད་ཧྲུའུ་ཡི་གོ་རིམ་རྗེས་མའི་བྱ་བའི་ཁ་ཕྱོགས་ལ་ནུས་ལྡན་མཛུབ་ཁྲིད་འདོན་སྤྲོད་བྱས་ཟེར།

དེད་པེན་གྱིས་བཤད་དོན། པྲོག་གསར་གློ་ཚད་རིམས་ནད་འགོས་ཁྱབ་ཏུ་སོང་བ་དང་བསྟུན་ནས་རྒྱལ་ཁབ་གང་མང་ཞིག་གི་དཔལ་འབྱོར་ཉམས་རྒུད་དུ་འགྱུར་བཞིན་ཡོད་པས། གསར་སྤེལ་འཆར་འགོད་ཧྲུའུ་ཡིས་མུ་མཐུད་དུ་འཕེལ་རྒྱས་ཁྱབ་ཁོངས་ཀྱི་ཆེད་ལས་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱེད་པ་དང་། ཧུར་ཐག་སྒོས་བྱ་བ་སྣ་ཚོགས་བསྒྲུབ་དགོས་པར་མ་ཟད། འཐབ་ཇུས་འཆར་འགོད་གསར་བ་ལག་བསྟར་བརྒྱུད་རིམ་ཁྲོད་དུ་ཇུས་གཞིའི་རྒྱལ་ཁབ་ཀྱི་སྔོན་ཐོབ་ཁྱབ་ཁོངས་དང་དགོས་གལ་ཆེ་བའི་དགོས་མཁོ་གཅིག་སྡུད་བྱས་ནས། ཇུས་གཞིའི་རྒྱལ་ཁབ་ཀྱི་རང་བདག་དབང་ཆ་དང་གཙོ་ཁྲིད་དབང་ཆར་བརྩི་འཇོག་བྱེད་དགོས་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།