ཀྲུང་གོ་བོད་ཀྱི་དྲ་བ།

སི་རི་ཡའི་ངོ་རྒོལ་ཕྱོགས་ཁག་དྲག་ཆས་པས་སྲིད་གཞུང་དམག་གི་ཞིབ་བཤེར་ས་ཚིགས་གང་མང་ལ་འཇབ་རྒོལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-09-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།   སི་རི་ཡའི་འཕྲིན་གཏོང་ཁང་གིས་ཟླ་བརྒྱད་པའི་ཚེས་སུམ་ཅུ་ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། སི་རི་ཡའི་ངོ་རྒོལ་ཕྱོགས་ཁག་དྲག་ཆས་པས་ཉིན་དེར་ལྷོ་ཕྱོགས་སུ་ཡོད་པའི་ཏི་ལ་ཞིང་ཆེན་གྱི་སྲིད་གཞུང་དམག་གི་ཞིབ་བཤེར་ས་ཚིགས་གང་མང་ལ་འཇབ་རྒོལ་བྱས་ཏེ། སྲིད་གཞུང་དམག་གི་དམག་མི་བཞི་རྐྱེན་ལམ་དུ་ཤོར་བ་དང་མི་བཅོ་ལྔ་རྨས།

བསྒྲགས་པའི་གསར་འགྱུར་ནང་བཤད་དོན། ངོ་རྒོལ་ཕྱོགས་ཁག་དྲག་ཆས་པས་ཉིན་དེར་ད་དུང་སྡོད་དམངས་ས་ཁུལ་ལ་འཇབ་རྒོལ་བྱས་ཏེ། མ་བུ་གཉིས་རྨས་པར་མ་ཟད་སྨན་ཁང་དུ་སྐྱེལ་ནས་མྱུར་སྐྱོབ་བྱེད་བཞིན་ཡོད། འཇབ་རྒོལ་བྱས་རྗེས། སི་རི་ཡ་སྲིད་གཞུང་དམག་གིས་མྱུར་དུ་ངོ་རྒོལ་ཕྱོགས་ཁག་དྲག་ཆས་པའི་དམིགས་འབེན་གང་མང་ལ་ཕར་རྒོལ་བྱས་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།