ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁའི་དམག་དཔུང་གིས་ཨ་ཧྥུའུ་ཧན་ནས་ཕྱིར་འཐེན་བྱེད་པའི་ལས་འགན་ཡོངས་འགྲུབ་བྱས་པ་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-08-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་མེ་རི་ཁའི་ཀྲུང་དབྱང་དམག་སྤྱི་ཁང་གི་དམག་སྤྱི་མེད་ཁུན་ཆི་ཡིས་ཚེས་སུམ་ཅུ་ཉིན་ཁྱབ་སྒྲོག་བྱས་དོན། ཨ་མེ་རི་ཁའི་དམག་དཔུང་གིས་ཨ་ཧྥུའུ་ཧན་ནས་ཕྱིར་འཐེན་བྱེད་པའི་ལས་འགན་ཡོངས་འགྲུབ་བྱས་ཡོད་ཟེར། 

མེད་ཁུན་ཆི་ཡིས་ཉིན་དེའི་ཕྱི་དྲོར་རྒྱལ་སྲུང་པུའུ་ཡི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཆེས་མཇུག་མཐའིC-17རྟགས་ཅན་གྱི་སྐྱེལ་འདྲེན་གནམ་གྲུ་ཨ་མེ་རི་ཁའི་ཤར་ཕྱོགས་ཀྱི་དུས་ཚོད་ཚེས་སུམ་ཅུ་ཉིན་གྱི་ཕྱི་དྲོའི་དུས་ཚོད་གསུམ་དང་སྐར་མ་ཉེར་དགུའི་སྟེང་ཁཱ་པོར་རྒྱལ་སྤྱིའི་གནམ་གྲུ་ཐང་ནས་འཕུར་བ་རེད་ཟེར། 

མེད་ཁུན་ཆི་ཡིས་བསྟན་དོན། ཉིན་དེའི་ཕྱིར་འཐེན་ལས་ཨ་མེ་རི་ཁའི་དམག་དཔུང་གིས་ཨ་ཧྥུའུ་ཧན་དུ་ཡོད་པའི་མི་སྣ་ཕྱིར་འཐེན་བྱེད་པའི་འགུལ་སྐྱོད་མཇུག་སྒྲིལ་བ་མཚོན་ཡོད་ལ། ཉིས་སྟོང་གཅིག་ལོའི་དགུ་བའི་བཅུ་གཅིག་གི་འཇིགས་སྐུལ་འཇབ་རྒོལ་རྗེས་སུ་ཨ་མེ་རི་ཁའི་དམག་དཔུང་གིས་ཨ་ཧྥུའུ་ཧན་ནས་སྤེལ་མགོ་བརྩམས་པའི་ལོ་ངོ་ཉི་ཤུའི་དམག་དོན་འགུལ་སྐྱོད་དེ་ཡང་མཇུག་སྒྲིལ་བ་མཚོན་ཡོད་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།